མཚོ་ནུབ་ཁུལ་དཔེ་མཛོད་ཁང་བདེ་བླག་ངང་སྐོར་ཁག་གཉིས་པའི་རྒྱལ་ཡོངས་ཁྱིམ་ཚང་དཔེ་ཀློག་ཉམས་ལེན་རྟེན་གཞི་རུ་བདམས་ཐོན་བྱུང་།
2020.06.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཉེ་ལམ།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དཔེ་མཛོད་ཁང་དེ་བདེ་བླག་ངང་སྐོར་ཁག་གཉིས་པའི་རྒྱལ་ཡོངས་ཁྱིམ་ཚང་དཔེ་ཀློག་ཉམས་ལེན་རྟེན་གཞི་རུ་བདམས་ཐོན་བྱུང་། རྒྱལ་ཡོངས་ཀྱི་སྡེ་ཁག་དང་ལས་ཁུངས་བརྒྱ་ལ་མཚན་སྙན་ཐོབ་པ་དང་མཚོ་ནུབ་ཁུལ་ཐོག་དང་པོར་དེའི་ཁྲོད་བདམས་པ་རེད།

ཉེ་བའི་ལོ་འདི་འགར། ན་གཞོན་དང་ལོ་ཆུང་བྱིས་པར་དཔེ་ཀློག་གོམས་སྲོལ་ སྔར་ལས་བཟང་བོ་གསོ་སྐྱོང་དང་། ན་ཆུང་བྱིས་པའི་དཔེ་ཀློག་ནུས་པ་སྔོག་འདོན། ན་ཆུང་བྱིས་པའི་འཆར་རྟོག་ནུས་པ་དང་གསར་གཏོད་ནུས་པ་སྐུལ་སྤེལ་གཏོང་ཆེད། ཁྱིམ་ཚང་དཔེ་ཀློག་བྱ་འགུལ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་། མཚོ་ནུབ་ཁུལ་དཔེ་མཛོད་ཁང་གིས་ཁྱིམ་ཚང་དཔེ་ཀློག་ར་བ་ཞིབ་ཚགས་ངང་བཙུགས་ནས། དཔེ་མཛོད་ཁང་གིས་ཉར་བའི་ཐོན་ཁུངས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། ཁྱིམ་ཚང་དཔེ་ཀློག་དང་ལག་ཤེས་བཟོ་ལས། དཔེ་རིས་གཏམ་རྒྱུད་སོགས་འཁྲབ་སྟོན་དང་། དཔེ་ཀློག་མཉམ་སྤྱོད་དཔྱད་གླེང་སོགས་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཁྱིམ་ཚང་དཔེ་ཀློག་བྱ་འགུལ་སྤེལ།

ཁྱིམ་ཚང་དཔེ་ཀློག་ཉམས་ལེན་རྟེན་གཞི་བཙུགས་པ་དེས། སྔར་ལས་ལྷག་པའི་སྒོ་ནས་ཁྱིམ་ཚང་དཔེ་ཀློག་ལ་སྐུལ་ལམ་སྐུལ་མེད་མཛུབ་སྟོན་ཞབས་ཞུའི་ལམ་བུ་རྒྱ་བསྐྱེད་དང་། ཁྱིམ་ཚང་དཔེ་ཀློག་བྱ་འགུལ་ལེགས་པོར་སྤེལ་བར་སྐུལ་འདེད་བཏང་བ་མ་ཟད། ཁྱིམ་ཚང་སློབ་གསོའི་ཚན་རིག་གཞུང་ལུགས་བརྒྱུད་བསྒྲགས་དང་།  ཁུལ་ཡོངས་ཀྱི་ན་གཞོན་ལོ་ཆུང་གི་སེམས་ཁམས་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་བསྐྲུན།