མཚོ་སྔོན་ཞིང་ཆེན་ཉིས་སྟོང་ཉི་ཤུ་ལོའི་བདེ་འཇགས་ཐོན་སྐྱེད་ཟླ་དངོས་སུ་འགོ་བརྩམས།
2020.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཉིས་སྟོང་ཉི་ཤུ་ལོའི་བདེ་འཇགས་ཐོན་སྐྱེད་ཟླ་དང་བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་རུ་བསྐྱོད་པའི་བྱ་འགུལ་དངོས་སུ་འགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་པའི་རྒྱབ་ལྗོངས་ཆེན་མོའི་འོག  དོན་རྐྱེན་འབྱུང་རྩ་མེད་པར་བཏང་ནས་བདེ་འཇགས་ཚད་མཐའ་དམ་སྲུང་བྱེད་ཅེས་པའི་བརྗོད་གཞིར་དམིགས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་དང་དམ་དུ་སྦྲེལ་བ་དང་། སྐུད་ཐོག་སྐུད་འོག་གི་བྱེད་ཐབས་སྤྱད་ནས། རྩ་འཛུགས་ཡོད་པའི་སྒོ་ནས་བདེ་འཇགས་འཕེལ་རྒྱས་ཀྱི་བརྗོད་གཞི་སྒྲོག་འགྲེལ་དང་། བདེ་འཇགས་དྲིལ་སྒྲོག་འདྲི་རྟོག་ཉིན་མོ། འཕྲལ་བསྟུན་སྦྱོང་བརྡར་དང་དོན་རྐྱེན་ཉེན་བརྡའི་སློབ་གསོ་སོགས་ཀྱི་བྱ་འགུལ་སྤེལ། བདེ་འཇགས་དྲིལ་སྒྲོག་ཁེ་ལས་སུ་བསྐྱོད་པ་དང་། གྲོང་གསེབ་དུ་བསྐྱོད་པ། གཞིས་ཁུལ་དུ་བསྐྱོད་པ། སློབ་གྲྭར་བསྐྱོད་པ་དང་ཁྱིམ་ཚང་དུ་བསྐྱོད་པ། ཆོས་ལུགས་བྱ་འགུལ་སྤེལ་སར་བསྐྱོད་པ་བཅས་བསྐྱོད་པ་དྲུག་གི་བྱ་འགུལ་སོགས་བྱ་འགུལ་སྣ་མང་སྤེལ་ནས། བདེ་འཇགས་ཤེས་བྱ་བརྒྱུད་བསྒྲགས་གཏིང་ཟབ་བྱས་པ་མ་ཟད། བདེ་འཇགས་ཐོན་སྐྱེད་མཚོ་སྔོན་དུ་བསྐྱོད་པ་ཞེས་པའི་བྱ་འགུལ་ཡང་རྩ་འཛུགས་ཡོད་པའི་སྒོ་ནས་སྤེལ་རྩིས་རེད།

བདེ་འཇགས་ཐོན་སྐྱེད་ཟླའི་བར་སྐབས་སུ། འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱུན་མཐུད་ངང་རིམ་པ་སོ་སོའི་གནད་ཁེལ་ཁྲིམས་བསྟར་ཞིབ་བཤེར། རྐྱེན་ངན་འབྱུང་གཞི་རྩད་ཞིབ་བྱེད་པ་དང། ཁྲིམས་འགལ་རྡུང་རྡེག་དང་སྒྲིག་འགལ་གཙང་བཅོས། ལག་ཁྱེར་མེད་པ་དང་ལག་ཁྱེར་ཆ་ཚང་མིན་པ་སོགས་ཁེ་ལས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་དང་། ལག་ཁྱེར་མེད་པ་དང་ཡུན་རིང་དུ་རླངས་འཁོར་འཇོག་པ། བདེ་འཇགས་གནད་དོན་གལ་ཆེན་གནས་པ་སོགས་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་མི་འཚམ་པའི་ཁེ་ལས་ཀྱིས་ལས་ཐོན་སླར་གསོའི་གོ་སྐབས་དང་བསྟུན་པ་ནན་འགོག་བྱེད་རྒྱུ་རེད། མུ་མཐུད་དུ་གལ་ཆེའི་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། གནད་འགག་དུས་སྐབས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པ་ཤུགས་དྲག་ཏུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བྱས་ནས། ནན་ཏན་སྒོས་རིམ་པ་ཁག་གི་བདེ་སྲུང་ཉེན་འགོག་བྱེད་ཐབས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། དོན་རྐྱེན་འབྱུང་བར་དོགས་ཟོན་ནན་མོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ལ་ཁག་ཐེག་བྱས།