མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དྲུག་གཅིག་དུས་ཆེན་བསུ་བའི་ལུས་རྩལ་འགྲན་ཚོགས་བསྡུས།
2020.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་མི་སྣ་དང་སྔོན་འགོག་ཚོད་འཛིན་ཡུལ་དངོས་ཀྱི་སྡོད་ཁུལ་བྱ་བ་སྒྲུབ་མཁན། ཉེན་རྟོག་པ། སྡོད་ཁུལ་གྱི་ཀུན་གྱིས་འགོག་བཅོས་ཁྲོད་ཞུགས་པ། དང་བླངས་ཞབས་ཞུ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཞུགས་པའི་ཆེས་མཛེས་པའི་ཁྱིམ་ཚང་སུམ་ཅུ་རྩ་འཛུགས་བྱས་ནས། སྟོད་པ་སྦྱོང་བརྡར་རྟེན་གཞི་ནས་དྲུག་གཅིག་དུས་ཆེན་བསུ་བའི་ལུས་རྩལ་འགྲན་ཚོགས་བསྡུས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཁྲོད་བྱས་རྗེས་བཞག་པའི་ཁྱིམ་ཚང་བཅངས་པའི་སེམས་ཁུར་མངོན་པར་བྱས། བྱ་འགུལ་ཉིན་མོར། བྱ་འགུལ་ལ་ཞུགས་པའི་ཁྱིམ་ཚང་སུམ་ཅུ་དེ་རུ་ཆུང་བཞི་རུ་བགོས་ནས། མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཁྱིམ་སྲོལ་བཟང་བོ་འགྲེམ་སྟོན་བྱས།