མཐོ་སྒང་གི་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་ལས་གཞི་དོན་གཅིག་ལག་བསྟར་བྱེད་འགོ་བརྩམས།
2020.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་གི་རྨང་གཞིའི་སྟེང་། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཅིན་དབྱང་གྲོང་རྡལ་དང་ཧོང་ཀྲུང་རྫོང་ཐེན་ཅཱ་གྲོང་རྡལ་སོགས་གྲོང་རྡལ་བཅུ་རུ་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། སྔོན་དུ2021ལོའི་མཛེས་སྡུག་གི་གྲོང་རྡལ་འཛུགས་སྐྲུན་བྱེད་འགོ་བརྩམས་ནས། བསྡོམས་པས་མཐོ་སྒང་གི་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་ལས་གཞི་དོན་གཅིག་ལག་བསྟར་བྱེད་རྒྱུ་རེད།

མཐོ་སྒང་གི་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་གོམ་སྟབས་བསྒྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་པ། རྨང་གཞི་སྒྲིག་ཆས་ཐད་ཀྱི་ཞན་ས་ཁ་གསབ་བྱེད་པ། སྤྱི་ཐུན་ཞབས་ཞུ་ཆུ་ཚད་དང་ཕྱོགས་བསྡུས་དོ་དམ་ནུས་པ་མཐོར་འདེགས་གཏོང་བ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་གཅིག་གྱུར་འཕེལ་རྒྱས་སུ་གཏོང་ཆེད།  2019ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་མཛེས་སྡུག་གི་གྲོང་རྡལ་འཛུགས་སྐྲུན་ལས་གཞི་ལག་བསྟར་མ་བྱས་པའི་གྲོང་རྡལ་དང་གཞུང་ལམ་འགྲམ་རྒྱུད། ལྗོངས་རྒྱུ་ཁུལ་གྱི་མཐའ་འཁོར། འདེགས་སྐྱོར་ནུས་པ་ཅུང་བཟང་བའི་ཞང་བཅས་ནས་ཞང་དང་གྲོང་རྡལ་ལྔ་བཅུ་བདམས་ནས། མུ་མཐུད་དུ་མཛེས་སྡུག་གི་གྲོང་རྡལ་འཛུགས་སྐྲུན་བྱེད་རྒྱུ་རེད། ལོ་རེར་ཞང་དང་གྲོང་རྡལ་བཅུ་བདམས་པ་དང་། འཛུགས་སྐྲུན་དུས་ཡུན་ལོ་གཉིས་ནས་ལོ་གསུམ་ཡིན་ལ། 2025ལོའི་བར་དུ། ཞང་དང་གྲོང་རྡལ་ལྔ་བཅུ་དེ་རྨང་གཞི་སྒྲིག་ཆས་ཆ་སྡེབས་དང་ཞབས་ཞུའི་རྩོལ་ནུས་འཐུས་ཚང་དུ་གཏོང་བ། ཁོར་ཡུག་མཛེས་བ། དོ་དམ་སྒྲིག་གཞི་གསར་གཏོད། གྲོང་རྡལ་གྱི་རྣམ་པ་མཐུན་སྦྱོར་ཡིན་པ། ཁྱད་ལྡན་དཔལ་འབྱོར་དར་བའི་མཛེས་སྡུག་གི་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་རྒྱུ་རེད།