སྐབས་ཉེར་གཅིག་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་འབུར་ཐོན་དྲུག་ལ་བརྟེན་ནས་མཚོ་སྔོན་གསར་བ་མངོན་པར་བྱེད་རྒྱུ་རེད།
2020.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྐབས་ཉེར་གཅིག་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་རིམ་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། བྱ་འགུལ་གྱི་བཀོད་སྒྲིག་དང་འགྲེམ་སྟོན་ནང་དོན་ཐད་ནས་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་ཡིན་པར་དམིགས་ཏེ། འབུར་དུ་ཐོན་པ་དྲུག་གི་ཕྱོགས་ནས་མཚོ་སྔོན་གསར་བ་དང་སྣང་བརྙན་གསར་བ། གྲུབ་འབྲས་གསར་བ་ཁྱོན་ཡོངས་ནས་མངོན་པར་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེ་རེས་ཀྱི་སྟེགས་བུ་གསར་བ་གསར་སྐྲུན་བྱེད་རྒྱུ་རེད། འབུར་དུ་ཐོན་པ་དྲུག་ནི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་གཙོར་འཛིན་པ་དང་། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་འཛིན་སྟངས་བཞི་ལག་བསྟར་བྱེད་པ། ནུས་ཁུངས་ཀྱི་ཚུལ་སྒྱུར་རིམ་འཕར་ལ་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་བྱེད་རྒྱུ་བཅས་རེད།