མཚོ་སྔོན་ཞིང་ཆེན་མི་དོན་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་སུ་བསྡོམས་པས་དབུལ་ཕོངས་ངལ་རྩོལ་པ་འབུམ་གཅིག་དང་ཁྲི་གཉིས་སྟོང་དྲུག་ལྷག་ལས་ཞུགས་བྱེད་རྒྱུ་མངོན་འགྱུར་བྱས་པ་དང་དབུལ་ཕོངས་ངལ་རྩོལ་པ་བཞི་བརྒྱ་དང་གོ་དྲུག་གིས་རང་བདག་ལས་སྤེལ་བྱེད་པར་རོགས་སྐྱོར་བྱས། ཞིང་ཆེན་ཡོངས་ཀྱི་མི་དོན་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་དབུལ་ཕོངས་ངལ་རྩོལ་པར་ཚགས་འཛུགས་བྱང་སྒྲིག་བྱེད་པར་རོགས་རམ་དང་ལས་ཞུགས་བྱས་པ་བརྒྱུད་དེ་དབུལ་ཐར་ཕྱུག་སྒྱུར་མངོན་འགྱུར་བྱས་ནས། ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མེད་པར་གཏོང་བའི་བྱ་བར་རྨང་གཞི་འདིང་བ་དང་ཉིས་སྟོང་ཉི་ཤུ་ལོའི་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་བྱས་རྗེས་ཆེན་པོ་བཞག
དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་རེ་འདོད་དང་གསོ་སྦྱོང་དགོས་མཁོར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པའི་བྱ་བ་སྒྲུབ་སྟེ་གནད་ཕིགས་རྩ་འཛུགས་ལས་གནས་མཚམས་སྦྱོར་དང་ལས་རིགས་མཛུབ་སྟོན་སོགས་ཀྱི་ཆེད་དོན་ཞབས་ཞུ་བསྒྲུབས། ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་ཐུན་ལས་ཞུགས་ཞབས་ཞུའི་སྒྲིག་གཞིས་བསྡོམས་པས་ལས་ཞུགས་རོགས་སྐྱོར་ཟླ་བ་དང་དཔྱིད་རླུང་འགུལ་སྐྱོད། ལས་ཞུགས་དབུལ་སྐྱོར་འགུལ་སྐྱོད་ཉིན་མོ་སོགས་ཀྱི་གདན་ཞུའི་ཚོགས་འདུ་ཐེངས་སྟོང་གཅིག་ལྷག་སྤེལ་ཞིང་གདན་ཞུའི་ཁེ་ལས་ཁྲི་གཉིས་ལྷག་རྩ་འཛུགས་བྱས་པ་དང་། བསྡོམས་པས་ལས་ཞུགས་ལས་གནས་འབུམ་གཉིས་དང་ཁྲི་དགུ་ལྷག་འདོན་སྤྲོད་བྱས་ནས། ལས་ཞུགས་རེ་འདོད་རང་བཞིན་གྱི་གྲོས་མཐུན་ཁྲི་བདུན་ལྷག་བཀོད། དེའི་ནང་གི་གདན་ཞུའི་ཚོགས་འདུ་སུམ་བརྒྱ་ལྷག་ཞང་དང་གྲོང་རྡལ་དང་སྡེ་བ་རུ་སྤེལ་ནས། དབུལ་ཕོངས་ངལ་རྩོལ་པའི་སྒོ་ཁར་སོང་ནས་ལས་ཞུགས་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱས།