ཟླ་དྲུག་པའི་ཚེས་ལྔ་ཉིན། ཚྭ་འདམ་གཞོང་ཞིང་ཕྱུགས་ཚད་གཞི་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལས་གཞི་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལན་ཁ་གྲོང་ཁྱེར་གྱི་ཀ་ཧེ་གྲོང་རྡལ་དུ་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས། རྒྱལ་ནང་དུ་སྤུས་ཚད་ཁག་ཐེག་དང་ཆུ་ཚད་མཐོ་བའི་མཐོ་སྒང་གི་སྐམས་ཤ་དང་ལུག་ཤའི་ཁོངས་གཏོགས་ཐོན་རྫས་གསར་སྐྲུན་བྱས་ཏེ། མཚོ་ནུབ་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་དེ་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་སྐྱོད་པར་རྨང་གཞི་བཟང་བོ་འདིང་ངེས་རེད།
ཚྭ་འདམ་གཞོང་ཞིང་ཕྱུགས་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལས་གཞི་དེ་ལོ་རེར་ལུག་འབུམ་གཅིག་དང་ནོར་ཁྲི་གཅིག་གསོ་ཁ་ནས་བུད་པའི་སྐམས་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ལས་གཞིའི་རྒྱ་ཁྱོན་ལ་སྤྱི་ཆིང་དྲུག་ཅུ་ཡོད་པ་དང་དེ་ཐད་ལ་མ་དངུལ་ལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་གཏོང་བའི་འཆར་གཞི་བཀོད་ཡོད། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས། མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཉིས་ལས་བརྒལ་པར་སྣེ་ཁྲིད་བྱེད་པ་དང་ལས་ཞུགས་མི་སྣ་སྟོང་གཅིག་ལས་བརྒལ་བར་སྐུལ་ཁྲིད་བྱེད་ཐུབ།
བཀྲ་ཤིས་འབུམ་གྱིས་བསྒྱུར།