མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་སྐོར་ཞིག་གི་གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པ་རྩ་འཛུགས་བྱས་ནས་རྩ་ཁྲིམས་དམ་བཅའ་བཞག
2020.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་སྲིད་འཛིན་སློབ་གླིང་དང་མཉམ་དུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི2019ལོར་གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པ་རྩ་འཛུགས་བྱས་ནས་རྩ་ཁྲིམས་དམ་བཅའ་འཇོག་པའི་བྱ་འགུལ་སྤེལ།

དམ་བཅའ་འཇོག་པའི་བྱ་འགུལ་མདེལ་གཉིས་སྐར་གཅིག་གི་ཕུགས་འདུན་ཡིད་རྟོན་སློབ་གསོ་སློབ་གླིང་ནས་སྤེལ། སྣེ་ཁྲིད་མི་སྣས་སྣེ་ཁྲིད་འོག གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པ་རེ་གཅིག་གིས་རྒྱལ་དར་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཁ་ཕྱོགས་ནས་དམ་བཅའ་བཞག ཐེངས་འདིའི་དམ་བཅའ་འཇོག་པའི་བྱ་འགུལ་རྩ་འཛུགས་བྱེད་པའི་དམིགས་འབེན་ནི་གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པས་བྱ་བའི་ཁྲོད་རྩ་ཁྲིམས་ལ་བརྩི་མཐོང་དང་རྩ་ཁྲིམས་སློབ་སྦྱོང་བྱེད་པ། རྩ་ཁྲིམས་ལ་བརྩི་བཀུར་བྱེད་པ། རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་པ། རྩ་ཁྲིམས་བཀོལ་སྤྱོད་བྱེད་པར་སྐུལ་སློང་དང་སློབ་གསོ་བཏང་སྟེ། གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པས་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། དམ་བཅའ་འཇོག་པའི་མི་སྣས་མཐའ་གཅིག་ཏུ་བསྟན་དོན། དམ་བཅའ་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། རང་རྟོགས་སྒོས་དམ་བཅའ་ལག་བསྟར་བྱེད་པ། རྩ་ཁྲིམས་ཀྱི་རང་རྟོགས་བརྩི་སྲུང་བ་དང་སྲུང་སྐྱོབ་པ་བྱས་ནས། ཧུར་ཐག་གིས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར། དམ་བཅའ་བཞག་རྗེས། གསར་དུ་བསྡུ་ལེན་བྱས་པའི་གཞུང་ཞབས་པས་ད་དུང་གཅིག་བསྡུས་སྒོས་མཚོ་སྔོན་འབར་མདེལ་མཁར་གྲོང་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་ལ་ལྟ་སྐོར་བྱས་པ་དང་། མདེལ་གཉིས་སྐར་གཅིག་གི་ཕུགས་འདུན་ཡིད་རྟོན་སློབ་གསོ་སློབ་གླིང་གི་གཞུང་ལུགས་སློབ་ཁྲིད་ལ་ཉན།

ལོ་ཙཱ་བ། རིན་ཆེན་མཚོ།