མཚོ་སྔོན་ཞིང་ཆེན་གྱིས་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་གྱི་ཞིབ་བཤེར་བྱ་བར་བཀོད་སྒྲིག་བྱས།
2020.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་བྱ་བའི་བཀོད་སྒྲིག་ལྟར། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིབ་བཤེར་དང་ཡུལ་དངོས་ལྟ་སྐུལ་བྱ་བར་བཀོད་སྒྲིག་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས། ཞིབ་བཤེར་ཚན་ཆུང་སོ་སོས་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་སྤེལ་བའི་དོན་སྙིང་གལ་ཆེན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ། གནད་དོན་ཡང་དག་འཚོལ་བ། ཞིབ་བཤེར་ལ་བརྟེན་ནས་ལག་བསྟར་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་མཛུབ་སྟོན་ལ་བརྟེན་ནས་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས། ཞིབ་བཤེར་བྱ་བའི་ཁྲོད། གཞི་རིམ་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། དུས་ཐོག་ཏུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་རྒྱུད་རིམ་ཁྲོད་ཀྱི་དོགས་པ་དང་གནད་དོན་ལ་ལན་འདེབས་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དུས་ཐོག་ཏུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལག་བསྟར་རྒྱུད་རིམ་ཁྲོད་གནས་པའི་ནོར་འཛོལ་དང་ཕྱོགས་རེས་ལྡན་པའི་གནད་དོན་འཚོལ་བ་དང་ཡོ་བསྲང་བྱེད་དགོས་པའི་རེ་བ་བཏོན། གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། བྱེད་ཐབས་ཞིབ་འཇུག་ལ་ཤུགས་སྣོན་པ། དག་ཐེར་ལེགས་བཅོས་ཇེ་དྲག་ཏུ་གཏོང་བ། གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་རྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ཐག་བཅད་དེ། གཞུང་ཞབས་པའི་དཔུང་སྡེ་དོ་དམ་གྱི་ཚན་རིག་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།