གཅན་ཚ་རྫོང་གིས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་དགུ་ལོན་པར་རྗེས་དྲན་བྱས།
2020.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། གཅན་ཚ་རྫོང་གིས་ཏང་ལ་དྲིན་ལན་འཇལ་བ་དང་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། ཁག་ཁུར་བྱེད་ཕོད་པའི་མུ་འབྲེལ་བྱ་འགུལ་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་དགུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ལས་གཉེར་ལས་སྐྲུན་བྱེད་པའི་གསོན་ཤུགས་ཆེར་སྐྱེད།

བྱ་འགུལ་ཁྲོད། གཅན་ཚ་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ཉེར་བརྒྱད་ཀྱིས་འགོ་ཁྲིད་དེ་ལས་འགན་ཕྱིར་འཐེན་བྱས་པའི་སྡེ་བ་དང་སྡོད་ཁུལ་གྱི་ལས་བྱེད་པ་དང་རོང་འབྲོག་ཁུལ་གྱི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ནང་ཞུགས་པའི་ལོ་སུམ་ཅུ་རུ་བརྒལ་བའི་ཏང་ཡོན་རྒན་པ་བཅས་བརྒྱ་དང་དགུ་ལ་འཚམས་འདྲི་བྱས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་ཁྲིད་དེ་ཧྲུའུ་ཅི་ཡིས་ཏང་གི་སློབ་ཁྲིད་བྱེད་པ་དང་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པ། ཏང་ནང་ཞུགས་པའི་མྱོང་བར་ཕྱིར་དྲན་བྱེད་པ། ཏང་ནང་ཞུགས་པའི་ཐོག་མའི་བསམ་འདུན་ཇེ་བརྟན་དུ་གཏོང་བའི་ཏང་གཤིས་སློབ་གསོ་བྱ་འགུལ་སྤེལ་བ་དང་། གསར་བརྗེ་དང་འབྲེལ་བའི་བརྙན་འཕྲིན་ལ་བལྟས།

ལོ་ཙཱ་བ། རིན་ཆེན་མཚོ།