གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་གུང་གཞོན་ཚོགས་པ་མཚོ་ཤར་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བདུན་གཅིག་བརྗོད་དོན་ཚོགས་པའི་ཉིན་མོ་དང་ལང་ཚོའི་གཏམ་རྒྱུད་མཉམ་སྤྱོད་གྲོས་ཚོགས་བསྡུས།
2020.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 83

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་གུང་གཞོན་ཚོགས་པ་མཚོ་ཤར་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་བདུན་གཅིག་ཏང་འཛུགས་དུས་ཆེན་ལ་རྗེས་དྲན་བྱེད་པའི་བརྗོད་དོན་ཚོགས་པའི་ཉིན་མོ་དང་ལང་ཚོའི་གཏམ་རྒྱུད་མཉམ་སྤྱོད་གྲོས་ཚོགས་མཚོ་ཤར་གྲོང་ཁྱེར་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དུ་བསྡུས། མཚོ་ཤར་གྲོང་ཁྱེར་གྱི་ན་གཞོན་ཏང་ཡོན་དང་གུང་གཞོན་ཚོགས་མི། གྲོང་ཁྱེར་དང་རྫོང་གི་ན་གཞོན་འཆད་ཁྲིད་ཚོགས་པའི་ཁོངས་མིའི་འཐུས་ཚབ་མི་སྣ་བཅས་མི་བཞི་བརྒྱས་མཉམ་དུ་དམིགས་བསལ་གྱི་ཏང་སྲོལ་སློབ་གསོ་དང་ལེན་བྱས།

བྱ་འགུལ་ཁྲོད་གུང་གཞོན་ཚོགས་པ་ཀྲུང་དབྱང་ན་གཞོན་འཆད་ཁྲིད་ཚོགས་པའི་ཁོངས་མི་མཱ་ཡའོ་ལེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ན་གཞོན་གྱི་ཁག་ཁུར། ལམ་ལུགས་རང་རྟོན་སོགས་ཀྱི་ནང་དོན་བཅས་ཐད་ནས་ཚང་མར་ཆེད་དོན་གུང་གཞོན་ཚོགས་པའི་སློབ་ཁྲིད་ཐེངས་གཅིག་བྱས་པ་མ་ཟད། ཕུལ་བྱུང་ན་གཞོན་ཏང་ཡོན་གྱི་འཐུས་ཚབ་མི་སྣ་ཐུང་ཞན་ཉིན་དང་མཱ་མེན་ཅོ། གུང་ཐའོ་བཅས་ཀྱིས་རང་སྟེང་གི་མྱོང་བར་ཟུང་འབྲེལ་བྱས་ནས། ཚང་མར་རིམས་འགོག་དང་དབུལ་སྐྱོར་སོགས་བྱ་བའི་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། དེང་རབས་ན་གཞོན་གྱི་འགན་འཁྲི་དང་ཁག་ཁུར་གསལ་བཤད་གསལ་བོ་བྱས། མཉམ་སྤྱོད་མཇུག་རྫོགས་རྗེས། མཉམ་སྤྱོད་ཚོགས་པའི་ཁོངས་མི་གསུམ་གྱིས་ད་དུང་ཚང་མ་དང་བསམ་བློ་བརྗེ་རེས་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།