རྨ་ཆེན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་ཐད་ཐོན་ལས་ཀྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱས།
2020.07.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

2019ལོར་འཛུགས་སྐྲུན་བྱས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་ཁྱད་ལྡན་ཐོན་ལས་དར་སྤེལ་ར་བས་མི་རིགས་ཁྱད་ལྡན་ཁེ་ལས་ཆུང་ངུ་དར་སྤེལ་བྱེད་རྒྱུ་དེ་གཙོ་གནད་དུ་བྱས་པ་དང་། རྨ་ཆེན་གེ་སར་རིག་གནས་དང་ཁྱད་དུ་འཕགས་པའི་མཐོ་སྒང་གི་དགེ་མཚན་ལ་རྒྱབ་བརྟེན་ནས། ཞིང་ཕྱུགས་ལས་ཐོན་སྐྱེད་དང་ལས་སྣོན། ཐོན་རྫས་གསར་སྤེལ་ཞིབ་འཇུག་སོགས་རྩོལ་ནུས་མཉམ་བསྲེས་བྱས་པར་མ་ཟད། གློག་ཚོང་སྟེགས་བུ་ལ་རྒྱབ་བརྟེན་ནས། ཐོན་རྫས་དྲ་ཐོག་དང་ཚོང་ར་ནས་མཉམ་དུ་བཙོང་བ་མངོན་འགྱུར་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཐད་ཐོན་ལས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།

མིག་སྔའི་བར་དུ། ར་བའི་ཁུལ་གྱིས་ཁེ་ལས་དང་མཉམ་ལས་ཁང་སོ་གསུམ་ནང་འགུག་བྱས་པ་དང་། དེའི་ཁྲོད་མི་རིགས་ཀྱི་གྱོན་ཆས་དང་མི་རིགས་ལག་ཤེས་སྒྱུ་རྩལ་གྱི་རིགས། སྨན་རྫས་ལས་སྣོན། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་། ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་། གྲངས་ཀའི་ཚན་རྩལ། གནས་སྐོར་འཕེལ་རྒྱས་སོགས་རིགས་སྣ་ཆེན་པོ་བདུན་འདུ་ལ། ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་གོ་བདུན་གྱི་ཡོང་སྒོ་སྒོར་སྟོང་གསུམ་དང་ཉིས་བརྒྱ་ཞེ་དྲུག་འཕར་སྣོན་བྱས། དེ་དང་མཉམ་དུ། ར་བའི་ཁུལ་གྱིས་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་། གཙང་དག བདེ་འཇགས་འགན་སྲུང་སོགས་བྱ་བའི་ལས་རྐང་བརྒྱུད་དེ། གཅིག་བསྡུས་སྒོས་ལས་ཞུགས་ཐག་གཅོད་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།