རྨ་ལྷོ་ཁུལ་གྱིས་བརྗོད་དོན་བྱ་འགུལ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་དགུ་ལོན་པར་རྟེན་འབྲེལ་ཞུས།
2020.07.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

བདུན་གཅིག་དུས་ཆེན་གྱི་སྔ་ནུབ་ཏུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་ཡོན་ཁྲི་ཕྲག་གིས་བཙན་རྫོང་བརྟན་སྲུང་དང་གདོང་ལེན་པ་བྱེད་པ་བརྗོད་དོན་དུ་བྱས་ཏེ། བདུན་ཅན་གཅིག་གི་མུ་འབྲེལ་བྱ་འགུལ་རྒྱ་ཆེར་སྤེལ་ནས། ཁུལ་ཡོངས་སུ་བདུན་གཅིག་དུས་ཆེན་བསུ་བའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱས་པ་དང་། གཞི་རིམ་ཏང་ཡོན་གྱིས་ཏང་བཙུགས་ནས་ལོ་འཁོར་གོ་དགུ་ལོན་པའི་ཚུན་གྱི་འགྱུར་ལྡོག་གསར་བ་དང་སྣང་ཚུལ་གསར་བར་མྱོང་ཚོར་བྱེད་ཐུབ་པར་བྱས།

རྨ་ལྷོ་ཁུལ་གྱིས་བདུན་གཅིག་དུས་ཆེན་བསུ་བའི་མུ་འབྲེལ་བྱ་འགུལ་སྤེལ་བ་དང་། དེའི་ཁྲོད་ཏང་འཛུགས་ལྟ་སྦྱོང་ཡུལ་དངོས་བརྗེ་རེས་བྱ་འགུལ་ཐེངས་གཅིག་སྤེལ་བ་དང་ཏང་ཡོན་རྒན་པ་དང་དཀའ་ཁག་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་ཐེངས་གཅིག་སྤེལ་ནས། འགོ་ཁྲིད་གཙོ་བོས་རུ་ཁག་ཁྲིད་དེ་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། དཀའ་ཁག་མང་ཚོགས་ལ་འཚམས་འདྲི་བྱེད་པ་དང་། ཏང་འཛུགས་དྲིལ་སྒྲོག་ཟླའི་བྱ་འགུལ་ཐེངས་གཅིག་སྤེལ་བ། ཏང་ཡོན་དང་བླངས་པའི་ཞབས་ཞུ་བྱ་འགུལ་ཐེངས་གཅིག་སྤེལ་བ། བརྗོད་དོན་ཏང་ཉིན་མོའི་བྱ་འགུལ་ཐེངས་གཅིག་སྤེལ་བ། ཏང་གཅེས་རྒྱལ་གཅེས་ཀྱི་བརྗོད་དོན་གློག་བརྙན་གཏོང་བ། ཏང་འཛུགས་དྲིལ་སྒྲོག་སྦྱར་ཡིག་ཚད་ལྡན་དུ་བསྒྱུར་བའི་བྱ་འགུལ་ཐེངས་གཅིག་སྤེལ་བ་བཅས་འདུ།

ལོ་ཙཱ་བ། རིན་ཆེན་མཚོ།