མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འོད་སྟོང་འབར་བའི་ལོ་རྒྱུས་ཡིད་ལ་དམ་པོར་བཟུང་ནས་མུ་མཐུད་དུ་དཀའ་སྤྱད་མདུནབསྐྱོད་བྱེད་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ།
2020.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བདུན་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཧོང་ཀུང་སྡེ་བའི་ནུབ་ལམ་དམར་དམག་རྗེས་དྲན་ཁང་ནས་འོད་སྟོང་འབར་བའི་ལོ་རྒྱུས་ཡིད་ལ་དམ་པོར་བཟུང་ནས་མུ་མཐུད་དུ་དཀའ་སྤྱད་མདུན་སྐྱོད་བྱེད་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དབུལ་སྐྱོར་འབྲེལ་འདྲིས་སྡེ་བ་སྟོང་སྐོར་རྫོང་རྩྭ་ཐང་སྡེ་བའི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་མཉམ་དུ་དམིགས་བསལ་གྱི་ཏང་གཤིས་སློབ་གསོ་དང་བསམ་བློའི་སྦྱོང་བརྡར་ཐེངས་གཅིག་དང་ལེན་བྱས།

ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་རྗེས་དྲན་ཁང་དུ་ལྟ་སྐོར་བྱས་པ་དང་། ཏང་ནང་ཞུགས་པའི་དམ་བཅའ་ཕྱིར་དྲན་བྱས་པ་དང་འགྲེལ་བཤད་ལ་ཉན་པ། འདྲ་པར་ལ་ལྟ་བ། ལོ་རྒྱུས་ཀྱི་ཤུལ་བཤག་ལ་ལྟ་པ་བཅས་བརྒྱུད་དེ། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་དམར་དམག་ནུབ་ལམ་དམག་གིས་མཚོ་སྔོན་ཞོན་ཧྭའི་གསར་བརྗེའི་ལོ་རྒྱུས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། གསར་བརྗེ་སྔོན་གཤེགས་པར་རྗེས་དྲན་བྱས་ལ། ཡིད་རྟོན་ཇེ་བརྟན་དུ་བཏང་སྟེ། གསར་བརྗེ་སྔོན་གཤེགས་པའི་བླ་མེད་ཀྱི་ཕུགས་འདུན་འཚོལ་སྙེག་དང་དཀའ་སྤྱོད་འབད་བརྩོན་གྱི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཏང་།

ལྟ་སྐོར་བྱས་རྗེས། ཚང་མས་བསྟན་དོན། གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་བྱེད་ན། གསར་བརྗེའི་རིག་གནས་ལ་བརྟེན་ནས་མི་ཚེའི་རང་མདངས་གསོ་སྐྱོང་བྱེད་པ་དང་། མིག་སྔར་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་གོ་དགུ་ལོན་པར་རྟེན་འབྲེལ་ཞུ་བ་དང་ཞིང་ཆེན་ཐད་གཏོགས་དཔེ་སྟོན་ལས་ཁུངས་ཀྱི་མིང་འདོགས་གཟེངས་བསྟོད་ཚོགས་ཆེན་གོ་སྐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་རྐང་ལ་རྐང་བཙུགས་ནས། མིག་དཔེ་གསུམ་བརྩོན་ལེན་བྱེད་པ་དང་། ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བས་ལས་ཁུངས་ཀྱི་ཏང་འཛུགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།