མཚོ་ནུབ་ཁུལ་གྱིས་ལས་རྐང་སྦྱོར་བརྡར་བྱེད་པར་བརྟེན་ནས་ཏང་ཡོན་ལས་བྱེད་པའི་ནུས་པ་མཐོར་འདེགས་བཏང་།
2020.07.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མི་སྣའི་གསོ་སྦྱོང་དང་ལས་རྐང་སྦྱོང་བརྡར། ཁོར་ཡུག་བཅོས་སྐྱོང་བྱ་བ་བརྟན་བརླིང་ངང་སྤེལ་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རྣམ་པ་སྣ་མང་གི་ལས་སྒོ་སློབ་སྦྱོང་དང་རྩལ་ནུས་འགྲན་བསྡུར། བྱང་ཚད་མཐོར་འདེགས་གཏོང་བའི་ལས་རྐང་སྦྱོང་བརྡར་བྱ་འགུལ་སྤེལ་ནས། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ནུས་པ་མཐོར་འདེགས་གཏོང་བ་དང་ལས་སྒོ་བྱང་ཆུབ་པར་བྱེད་པ། ལས་རྐང་སྟེང་བྱས་རྗེས་འཇོག་པར་སྐུལ་འདེད་བཏང་།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཁྲོད་ཀྱི་རིགས་མི་འདྲ་བའི་ཁ་གཏད་རང་བཞིན་ལྡན་པའི་གསོ་སྦྱོང་འཛིན་གྲྭ་རུ། ཕྱིར་ལྟ་ཞིབ་ལ་བསྐྱོད་པའི་ཡུལ་དངོས་སློབ་ཁྲིད་ཀྱི་ལག་ལེན་བྱེད་ས་བཙུགས་ནས། ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་དང་ཉམས་མྱོང་རྩ་ཆེན་མཚོ་ནུབ་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། མཚོ་སྔོན་གསར་བའི་བསམ་པའི་མཐོ་སའི་བརྗོད་དོན་སློབ་གསོ་འགྲེམ་ཁང་དང་མཚོ་ནུབ་ཁུལ་གྱི་ཏང་ཡོན་གདོང་ལེན་པའི་ལག་རྗེས་འགྲེམ་སྟོན་ཁང་སོགས་ཏང་གཤིས་སློབ་གསོ་རྟེན་གཞི་ལ་རྒྱབ་རྟེན་ནས། སྐལ་བཟང་དང་ལེན་ཧྥུའུ་ཀྲང་སོགས་དུས་རབས་ཀྱི་དཔེ་ལེགས་ཅན་དང་ཚྭ་འདམ་གཞོང་གསར་སྤེལ་ཁྲོད་བྱུང་བའི་ཏང་ཡོན་སྔོན་ཐོན་དཔེ་མཚོན་དེ་དག་ཏང་ཡོན་ལས་བྱེད་པའི་ཕུགས་འདུན་ཡིད་རྟོན་སློབ་གསོའི་ཁྲོད་བར་འཇུག་བྱས་པ་དང་། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་སྔོན་ཐོན་གྱི་རྗེས་སྙེག་པ། སྔོན་ཐོན་བརྩོན་ལེན་བྱེད་པའི་ཁྲོད་ཁག་ཁུར་བྱེད་ཕོད་པ་དང་གྲུབ་འབྲས་ལེན་པར་སྣེ་ཁྲིད་བྱས་པ་དང་སྐུལ་སློང་བཏང་།

ལས་རིགས་སྡེ་ཁག་ཏུ་འཕྲལ་བསྟུན་དང་རིམས་འགོག མྱུར་སྐྱོར་སོགས་ཕྱོགས་ཀྱི་ཡུལ་དངོས་འཁྲབ་སྦྱོང་སྤེལ་བ་དང་། སྤྱོད་ཚུལ་བཟང་བ་དང་ནུས་པ་ལྡན་པའི་འཕྲལ་བསྟུན་ཐག་གཅོད་བྱ་བའི་དཔུང་སྡེ་བཙུགས་ལ། ཁྱད་ཆོས་ལྡན་པ་དང་དངོས་གཉེར་གོ་ཆོད། གོ་སླ་བའི་ཏང་ཡོན་སློབ་གསོ་གསོ་སྦྱོང་དཔྱད་གཞི་འབྲི་བ་དང་སྒྲ་ལྡན་དང་བརྙན་རིས་སློབ་ཁྲིད་གྲ་སྒྲིག་བཟང་བོ་བྱས་ནས། སྐོར་ཁག་བགོས་ནས་ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཉིས་བརྒྱ་དང་གོ་ལྔ་དང་གཞིས་ཁུལ་དོན་ལྔའི་ཆེད་སྦྱོང་སློབ་གྲྭ་ནས་སློབ་སྦྱོང་བྱེད་པར་འཚམ་པའི་གཞི་རིམ་གྱི་ལས་བྱེད་པར་བསླབ་གནས་ཇེ་མཐོར་གཏོང་བའི་བཟོ་སྐྲུན་སྤེལ།

ལོ་ཙཱ་བ། རིན་ཆེན་མཚོ།