རང་ཞིང་གི་རྒན་གསོ་ཞབས་ཞུའི་མ་ལག་སོགས་ལས་གཞི་སོ་དྲུག་གི་འཛུགས་སྐྲུན་ཐད་མ་དངུལ་སྐོར་དུང་ཕྱུར་གཉིས་དང་འབུམ་བརྒྱད་ཁྲི་བརྒྱད་བཏང་།
2020.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

གསར་འགོད་པས་ཟླ7པའི་ཚེས14ཉིན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཚོགས་ཞབས་ཞུའི་འདོན་སྤྲོད་ནུས་ལྡན་གྱིས་རྒྱ་བསྐྱེད་དེ། སྤྱི་ཚོགས་རོགས་སྐྱོར་འགན་སྲུང་གི་ནུས་པ་སྔར་ལས་ཇེ་ཆེར་གཏོང་ཆེད། ཉེ་སྔོན་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་འབུམ་བརྒྱད་ཁྲི་བརྒྱད་བཏང་ནས། རང་ཞིང་གི་རྒན་གསོ་ཞབས་ཞུའི་མ་ལག་བརྒྱ་དང་བཅོ་བརྒྱད་དང་། སྤྱི་ཚོགས་ཕན་བདེ་མ་ལག་ཉེར་ལྔ། དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་མ་ལག་བཞི་བཅས་ཀྱི་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། ལས་གཞི་དེ་དག་ལག་བསྟར་བྱས་པ་བརྒྱུད་དེ། རང་ཞིང་གི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་མངོན་གསལ་གྱིས་ཇེ་ལེགས་སུ་འགྲོ་ཐུབ་པ་དང་། སྤྱི་ཚོགས་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་ཇེ་ཆེར་འགྲོ་ཐུབ་ལ། རྒན་པ་སྟོང་རེའི་རྒན་གསོའི་ཉལ་ཁྲིའི་གྲངས་ཀ་དེ་ཉིས་སྟོང་བཅོ་ལྔ་ལོའི་སུམ་ཅུ་ནས་སོ་བཞིར་འཕར་ཐུབ་པ་དང་། རང་ལ་བདག་སྐྱོང་བྱེད་མི་ཐུབ་པའི་དཀའ་ཁག་མི་སྣ་གཅིག་བསྡུས་ཀྱིས་གཉོར་སྐྱོང་བྱེད་ཚད་དེ་ཉིས་སྟོང་བཅོ་ལྔ་ལོའི་བརྒྱ་ཆའི་བཅུ་གཅིག་ནས་བརྒྱ་ཆའི་བཞི་བཅུ་ལ་འཕར་ཐུབ།

ལོ་ཙཱ་བ། ཕྱུག་ལོ།