ཉེ་ལམ། མཚོ་ནུབ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་བཤེར་པ་དང་ལྟ་རྟོག་མཛུབ་སྟོན་པ་བཅུ་དྲུག་བདམས་ཏེ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་བུད་མེད་སྤྱི་ཚོགས་གོ་གནས་ལ་ཞིབ་བཤེར་བྱེད་པའི་ཞིབ་བཤེར་པ་དང་ལྟ་རྟོག་མཛུབ་སྟོན་པའི་གསོ་སྦྱོང་སྐབས་བཞི་བར་ཞུགས། ལྟ་རྟོག་མཛུབ་སྟོན་པ་དང་ཞིབ་བཤེར་པས་གསོ་སྦྱོང་སྔོན་གྱི་མི་སྒེར་གྱི་འདྲི་ཤོག་གོ་ལྔ་དང་གཞིས་ཁུལ་གྱི་འདྲི་ཤོག་བཅུ་དྲུག་ཡོངས་འགྲུབ་བྱས། གསོ་སྦྱོང་སྐབས་སུ་མཚོ་ནུབ་ཁུལ་གྱི་གསོ་སྦྱོང་ལ་ཞུགས་པའི་མི་སྣའི་བརྒྱ་ཆའི་བརྒྱ་ཡིས་རྒྱུགས་འཕྲོད་པས། ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པར་རྨང་གཞི་བཟང་བོ་བཏིངས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིབ་བཤེར་ནང་དུ་སློབ་གསོ་དང་དཔལ་འབྱོར། སྤྱི་ཚོགས་འགན་སྲུང་། སྲིད་ཞུགས། གཉེན་སྒྲིག་ཁྱིམ་ཚང་། བདེ་ཐང་། འཚོ་བའི་རྣམ་པ། བཅའ་ཁྲིམས་ངོས་འཛིན་དང་མིའི་ཐོབ་ཐང་། ཕོ་མོའི་འདུ་ཤེས་དང་རྣམ་འགྱུར་བཅས་ནང་དོན་དགུ་འདུ་བ་དང་དེའི་དམིགས་ཡུལ་ནི་དུས་རབས་གསར་བའི་ཀྲུང་གོའི་ཕོ་མོ་འདྲ་མཉམ་དང་བུད་མེད་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་ཁྱོན་ཡོངས་ནས་མཚོན་པར་བྱས་ཏེ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པར་འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱས།
ཞིབ་བཤེར་བྱ་བའི་ཁྲོད་དུ། ལྟ་རྟོག་མཛུབ་སྟོན་པ་དང་ཞིབ་བཤེར་པ་སོ་སོས་ཚད་མཐོན་པོའི་ཆབ་སྲིད་ཀྱི་འགན་འཁྲི་བསམ་པ་དང་གཟབ་ནན་ཞིབ་ཕྲ་ཡི་བྱ་བའི་རྣམ་འགྱུར་བཅངས་ཏེ། གསོ་སྦྱོང་ལག་དེབ་ནང་གི་ཞིབ་བཤེར་པའི་བྱ་བའི་འགན་འཁྲི་བརྩི་སྲུང་ནན་མོ་བྱེད་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་དང་བུད་མེད་ཀྱི་སྤྱི་ཚོགས་གོ་གནས་ནང་དོན་དུ་འཇོག་པའི་ཞིབ་བཤེར་བྱ་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་ལེགས་སྒྲུབ་བྱེད་ངེས་རེད། མིག་སྔར། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཐོང་ཆེན་བྱེད་པ་དང་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་འོག ཞིབ་བཤེར་བྱ་བ་ལག་བསྟར་དང་དངོས་འབེབས་བྱེད་བཞིན་ཡོད།
ལོ་ཙཱ་བ། བཀྲ་ཤིས་འབུམ།