ཉེ་སྔོན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ཏང་འཛུགས་ཁྲིད་སྟོན་དུ་བཟུང་ནས་དེང་རབས་ཅན་གྱི་རྫོང་སྟོབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་སྐྲུན་པའི་བསམ་བློ་བཅིངས་འགྲོལ་གྱི་གྲོས་སྡུར་ཆེན་མོ་ཞེས་པའི་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ་ནས། དཔལ་འབྱོར་ལ་བྱང་བ་དང་ཕྱུགས་ལས་ལ་མཁས་པ། འབྲོག་ཁུལ་ལ་དགའ་བ། འབྲོག་དམངས་ལ་ཕན་པ་བཅས་ཀྱི་སྡེ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་བསྐྲུན་པར་འབད་བརྩོན་བྱས།
ཐེམ་ཆེན་རྫོང་གིས་འབྲོག་ཁུལ་གྱི་ཕྱུག་སྒྱུར་སྣེ་ཁྲིད་པ་དང་། ཆེས་ལས་ལག་རྩལ་ཡོད་པའི་སློབ་གྲྭ་ཆེན་མོ་བ། ཕྱི་ཕྱོགས་སུ་ཚོང་ལས་གཉེར་མཁན། དམག་ཁོངས་ནས་བུད་པའི་དམག་མི་བཅས་ཀྱི་ཁྲོད་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་འདེམ་བསྐོ་དང་སྐྱེད་སྲིང་བྱས་ལ། ཕྱུགས་ལས་སྡེ་བ་རེ་གཉིས་ནས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཀྲུའུ་རིན་གྱི་འགན་མི་གཅིག་ལ་འཁུར་དུ་བཅུག་སྟེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་པ་དང་། སྡེ་བའི་ལས་བྱེད་པའི་གོང་བུར་སྒྲིལ་ཤུགས་ཇེ་ཆེར་བཏང་ལ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཁྲིད་སྟོན་ཇེ་དྲག་ཏུ་བཏང་།
སྡེ་བའི་ལས་བྱེད་པའི་ནུས་པ་དང་བྱང་ཚད་ཇེ་མཐོར་གཏོང་བར་དམིགས་ནས། རྫོང་ཨུའི་ཏང་གི་སློབ་གྲྭའི་ནུས་པ་བཏོན་ནས། སྡེ་བའི་ལས་བྱེད་པའི་གསོ་སྦྱོང་བྱ་བ་དེ་རྒྱུན་རྣམ་ཅན་དུ་བཏང་། སྡེ་བའི་ལས་བྱེད་པར་ཕྱུགས་ལས་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་ལ་བསྒྲུབས་པ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ། སྡེ་བ་རིམ་པའི་ནོར་སྲིད་ལས་དོན་པ། ཕྱུགས་སྨན་ལས་དོན་པ་སོགས་ལ་རྣམ་པ་གསར་བའི་འབྲོག་དམངས་ལག་རྩལ་མཐོར་འདེགས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས། སྡེ་བའི་ལས་བྱེད་པའི་བྱ་བའི་བསམ་ཕྱོགས་རྒྱ་བསྐྱེད།
ལོ་ཙཱ་བ། ཕྱུག་ལོ།