རྨ་ལྷོ་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུ་ལྟེ་གནས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུ་ས་ཚིགས་བཙུགས་ཏེ་བཀོལ་སྤྱོད་བྱེད་འགོ་བརྩམས།
2020.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་ལམ། རྨ་ལྷོ་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུ་ལྟེ་གནས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་བྱ་བའི་ས་ཚིགས་བཙུགས་ཏེ་བཀོལ་སྤྱོད་བྱེད་འགོ་བརྩམས། རྨ་ལྷོ་ཡན་ལག་དམག་ཁུལ་དང་ཁུལ་ཁྲིམས་འཛིན་ཅུའུ། ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུའུ། དེ་མིན་ཞབས་ཞུ་ལྟེ་གནས་ཀྱི་འགོ་ཁྲིད་པ་གཙོ་བོ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཁྲིམས་འཛིན་ཁོངས་གཏོགས་ཀྱི་འབྲེལ་ཡོད་བྱ་བ་སྒྲུབ་མཁན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་འཐུས་མི་བཅས་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་གཞི་རྩའི་བཅའ་ཁྲིམས་དགོས་མཁོ་ནུས་ལྡན་སྒོས་ཐག་བཅད།

སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་བྱ་བའི་ས་ཚིགས་བཙུགས་པ་ནི་ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་གྱིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་ཐད་བཏོན་པའི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཤིང་། ཁྲིམས་ལྟར་ཁུལ་སྐྱོང་བའི་བྱ་བ་དེ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཁྱབ་ཁོངས་སུ་མཚོན་པར་བྱས་པ་དང་། རྨ་ལྷོ་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ལས་ཁུངས་ཀྱིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་དེ་མིན་གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་དང་བཅའ་ཁྲིམས་བློ་འདོན། བཅའ་ཁྲིམས་རོགས་སྐྱོར་ཐད་རིན་མི་ལེན་པར་འདོན་སྤྲོད་བྱེད་པའི་ཕན་ཡོད་སྟེགས་བུ་ཞིག་ཡིན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་སྤྱི་ཐུན་ཞབས་ཞུའི་བྱ་བའི་ས་ཚིགས་བཙུགས་པ་ནི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ལ་ཆེད་དུ་ཞབས་འདེགས་ཞུ་བའི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་བསྒྲུབ་ས་ཡིན། ས་ཚིགས་བཙུགས་པ་དེས་ཁུལ་རང་གི་རིམ་པ་སོ་སོའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུའི་ལས་ཁུངས་ཀྱིས་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཕྱོགས་ཀྱི་ཞན་ཆ་ཁ་སྐོང་བྱས་པར་མ་ཟད་ཞབས་ཞུའི་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་། དེ་དང་མཉམ་དུ་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་ཡིན།

                                                                                                          ལོ་ཙཱ་བ། བཀྲ་ཤིས་འབུམ།