མཚོ་ནུབ་ཁུལ་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འབྲེལ་གཏུག་ཞབས་ཞུ་ས་ཚིགས་ཧང་ཀྲིག་གྲོང་ཁྱེར་དུ་དངོས་སུ་བཙུགས།
2020.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཉེ་སྔོན།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འབྲེལ་གཏུག་ཞབས་ཞུ་ས་ཚིགས་ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲིག་གྲོང་ཁྱེར་དུ་དངོས་སུ་བཙུགས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་སྐོར་ཁག་མང་པོ་མཚོ་ནུབ་ཁུལ་དུ་ལག་བསྟར་བྱས་པ་དང་ཐོན་ལས་རེ་རེ་ཡང་མཚོ་ནུབ་ཁུལ་དུ་འཕེལ་རྒྱས་སུ་སོང་། དེ་དག་ནི་ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་རེ་རེ་ཡིས་འབད་འཐབ་བྱས་པ་དང་འབྲལ་ཐབས་མེད། རྒྱ་ཆེའི་ཀྲེ་ཅང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་མཚོ་ནུབ་ཕ་ཡུལ་དུ་བརྩིས་པ་དང་མཚོ་ནུབ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་གཉེན་ཉེ་རུ་བརྩིས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་མཚོ་ནུབ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ཕུལ། ད་ཐེངས་མཚོ་ནུབ་ཁུལ་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འབྲེལ་གཏུག་ཞབས་ཞུ་ས་ཚིགས་བཙུགས་པའི་དམིགས་ཡུལ་ནི་རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དང་དེ་མིན་མཚོ་ནུབ་ཀྱི་འཕེལ་རྒྱས་ལ་སེམས་ཁུར་དང་ཡིད་འཇོག་བྱེད་པའི་ཀྲེ་ཅང་གི་ལས་རིགས་སོ་སོའི་གྲོགས་པོ་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ཞབས་ཞུ་ས་ཚིགས་ལ་བརྟེན་ནས་རྒྱུན་མཐུད་སྒོས་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་ཡོངས་ཀྱིས་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་གནས་གཉིས་བར་གྱི་བརྗེ་རེས་དང་རོགས་སྐྱོར་རྒྱ་ཆེར་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

                                                                                          ལོ་ཙཱ་བ། བཀྲ་ཤིས་འབུམ།