མི་དམངས་མང་ཚོགས་ཀྱི་ཉིན་རེའི་ལུས་སྦྱོང་དགོས་མཁོ་སྐོང་བ་དང་རང་ཞིང་གི་རྐང་རྩལ་སྤོ་ལོའི་འགུལ་སྐྱོད་འཕེལ་རྒྱས་དང་ཁྱབ་གདལ་དུ་གཏོང་ཆེད། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྔོན་རྩིས་ནང་དུ་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་ཁྲི་དྲུག་བཏང་སྟེ་རང་ཞིང་གི་སྤྱི་ཚོགས་རྐང་རྩལ་སྤོ་ལོའི་ར་བ་བརྒྱ་དང་ང་དགུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།
གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་སྤྱི་ཐུན་ལུས་རྩལ་ཁྱབ་གདལ་བཟོ་སྐྲུན་ཐད་ལ་བསྡོམས་པས་ཀྲུང་དབྱང་སྔོན་རྩིས་ནང་དུ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་བཞི་འབུམ་བརྒྱད་དང་ཁྲི་དྲུག་བཏང་སྟེ་རང་ཞིང་གི་མི་ལྔ་ཅན་གྱི་རྐང་རྩལ་སྤོ་ལོའི་ར་བ་ཉིས་བརྒྱ་དང་བཅུ་དྲུག་དང་མི་བཅུ་གཅིག་ཅན་གྱི་རྐང་རྩལ་སྤོ་ལོའི་ར་བ་བརྒྱ་དང་རེ་ལྔ་འཛུགས་སྐྲུན་བྱས། སྐོར་འདིའི་ལས་གཞི་ལག་བསྟར་བྱས་ཚེ། རང་ཞིང་གི་མི་རེའི་ལུས་རྩལ་ར་བའི་གཞི་ཁྱོན་སྨི་གྲུ་བཞི་མ་གཅིག་ལྷག་ལ་བསླེབ་ངེས་ཡིན་པ་དང་དེ་ཉིས་སྟོང་བཅོ་ལྔ་ལོ་དང་བསྡུར་ན་སྨི་གྲུ་བཞི་མ་ཐིག་དང་གྲངས་ཆུང་གཉིས་བརྒྱད་ཇེ་མང་དུ་སོང་ཞིང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་འབེན་དང་ལས་འགན་ལས་བརྒལ་བ་དང་། སྤྱི་ཐུན་ལུས་རྩལ་སྒྲིག་ཆས་ཞབས་ཞུའི་ཆུ་ཚད་མངོན་གསལ་དུ་ཇེ་མཐོར་སོང་བར་མ་ཟད། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་ཡིད་ཚིམས་ཚད་སྔར་ལས་ཇེ་ཆེར་སོང་།
ལོ་ཙཱ་བ། བཀྲ་ཤིས་འབུམ།