ཉེ་ལམ། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དགུ་བའི་སྟེང་ཤེས་པའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་བཞི་བ་ནས་བཟུང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ནག་འཇོམས་ངན་སེལ་གཙང་སེལ་དྲུག་གི་འགུལ་སྐྱོད་བཀོད་སྒྲིག་བྱས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་དུ་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་དང་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་དང་གཙང་སེལ་དྲུག་གི་འགུལ་སྐྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་གཅིག་གྱུར་བཀོད་སྒྲིག་ལྟར། དམིགས་འབེན་གཙོར་འཛིན་ཞིང་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་རྒྱུན་མཐུད་སྒོས་ནུས་ཤུགས་བཏོན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་གཙང་སེལ་དྲུག་གི་འགུལ་སྐྱོད་མཁྲེགས་གཏོར་འཐབ་ཇུས་ལ་སྐུལ་འདེད་བཏང་ཞིང་སྐོར་ཐེངས་གསར་བའི་ནུས་ལྡན་མཁྲེགས་གཏོར་གནས་བབ་བཟང་བོ་ཆགས་པར་བྱས་ནས། ཆེད་དོན་འཐབ་རྩོད་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་སྔར་ལས་སྐུལ་འདེད་བཏང་། མིག་སྔའི་བར་དུ་ཞིང་ཆེན་ཡོངས་སུ་ཁྲིམས་འགལ་ལུགས་འགལ་ཚོགས་པ་བརྒྱ་དང་ཉེར་གསུམ་ལ་མྱུལ་ཞིབ་བྱས་ཤིང་། ཉེས་དོན་གྱོད་གཞི་སྟོང་གཅིག་དང་ཉིས་བརྒྱ་རེ་དྲུག་རྩད་ཆོད་པ་དང་། གྱོད་དོན་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་དགུ་བཀག་ཉར་དང་བཀག་འཇོག་བྱས་པ། གྱོད་དོན་བརྒྱ་དང་ཞེ་བཞི་དང་མི་སྟོང་གཅིག་དང་སོ་བཞི་ལ་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱས་པ། གྱོད་དོན་གོ་བརྒྱད་དང་མི་དྲུག་བརྒྱ་དང་ང་ལྔ་ལ་འདྲི་གཅོད་དང་པོའི་ཉེས་ཆད་བཅད་པ་ཁྱབ་བསྒྲགས་བྱས།
ལོ་ཙཱ་བ། བཀྲ་ཤིས་འབུམ།