ཉེ་ལམ། མཚོ་སྔོན་པོའི་བཞུར་ཁོངས་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་དཔལ་འབྱོར་ཞིབ་བཤེར་ལག་རྩལ་ཇུས་གཞི་ལ་ཟི་ལིང་ནས་ཆེད་མཁས་པའི་ཞིབ་བཤེར་ཐོབ།
ཚོགས་ཞུགས་ཆེད་མཁས་པས་གཅིག་གྱུར་སྒོས་བལྟས་ན། ཇུས་གཞི་དེས་མཚོ་སྔོན་པོའི་བཞུར་ཁོངས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་པོའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་སྐྱེ་ཁམས་མ་ལག སྐྱེ་དངོས་སྣ་མང་རང་བཞིན། རང་བྱུང་ཐོན་ཁུངས་དེ་མིན་སྤྱི་ཚོགས་དཔལ་འབྱོར་གནས་བབ་ཀྱི་ཞིབ་བཤེར་ཚད་ལྡན་དུ་བཏང་ཞིང་། ཞིང་བཤེར་ནང་དོན་དང་ལག་རྩལ་ཚད་གཞི། བྱ་བའི་སྒྲུབ་སྟངས་གསལ་བོ་བྱས་པས། མཚོ་སྔོན་པོའི་བཞུར་ཁོངས་ཀྱི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་དཔལ་འབྱོར་ཞིབ་བཤེར་བྱ་བ་བསྒྲུབ་པར་ནུས་པ་ལྡན་པའི་ལག་རྩལ་འདེགས་ཤུགས་དང་འགན་སྐྲུང་འདོན་སྤྲོད་བྱེད་ངེས་ཡིན་པར་སྙམ། ཇུས་གཞི་དེར་ཆེད་མཁས་པའི་དཔྱད་ཞིབ་ཚན་ཁག་གི་གཅིག་གྱུར་དཔྱད་ཞིབ་ཐོབ།
ཐེངས་འདིའི་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི་མཚོ་སྔོན་པོའི་བཞུར་ཁོངས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་སྐྱེ་ཁམས་མ་ལག སྐྱེ་དངོས་སྣ་མང་རང་བཞིན། རང་བྱུང་ཐོན་ཁུངས་གཙོ་བོ། དེ་མིན་སྤྱི་ཚོགས་དཔལ་འབྱོར་གནས་བབ་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱས་ཏེ། མཚོ་སྔོན་པོའི་བཞུར་ཁོངས་རང་བྱུང་སྐྱེ་ཁམས་མ་ལག་གི་སླད་མེད་རང་བཞིན་དང་མ་ཚང་རང་བཞིན་ལ་རིགས་གཞུང་གི་གཞི་འཛིན་ས་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་ལ། དེ་ནི་མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་རེད།
ལོ་ཙཱ་བ། བཀྲ་ཤིས་འབུམ།