གཏེར་ལན་ཁ་གྲོང་ཁྱེར་དང་ཝུའུ་ལན་རྫོང་གཉིས་ཀ་ཐོག་དང་པོའི་ཞིང་ཆེན་རིམ་པའི་ཁུལ་ཁོངས་ཡོངས་ཀྱི་དཔེ་སྟོན་ས་ཁུལ་དུ་གཏན་འཁེལ་བྱས།
2020.07.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉེ་ལམ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁུལ་ཁོངས་ཡོངས་ཀྱི་གནས་སྐོར་བྱ་བ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་དང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་སྐོར་དང་པོའི་ཞིང་ཆེན་རིམ་པའི་ཁུལ་ཁོངས་ཡོངས་ཀྱི་དཔེ་སྟོན་ས་ཁུལ་ལ་ཞིབ་བཤེར་ཁས་ལེན་བྱེད་པའི་སྐོར་གྱི་བརྡ་ཐོ་ལྟར། ཞིང་ཆེན་ཁུལ་ཁོངས་གནས་སྐོར་གསར་སྐྲུན་བྱ་བའི་ཡར་སྐུལ་འགོ་ཁྲིད་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་རིམ་པའི་ཁུལ་ཁོངས་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ས་ཁུལ་གྱི་ཞིབ་བཤེར་རྩིས་ལེན་བྱ་བའི་ལག་དེབ་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་གྲོང་ཁྱེར་དང་རྫོང་བཅོ་ལྔའི་ཞིང་ཆེན་རིམ་པའི་ཁུལ་ཁོངས་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ས་ཁུལ་གསར་སྐྲུན་ལས་ཁུངས་ཀྱི་གསར་སྐྲུན་གནས་ཚུལ་ལ་ཞིབ་བཤེར་རྩིས་ལེན་བྱས།

ཡུལ་དངོས་ནས་ཞིབ་བཤེར་དང་ཆེད་མཁས་པས་དཔྱད་ཞིབ་བྱས་པ་དང་། གསར་སྐྲུན་བྱ་བའི་ཡར་སྐུལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྟེང་། གཏེར་ལན་ཁ་གྲོང་ཁྱེར་དང་ཝུའུ་ལན་རྫོང་གཉིས་ལ་ཐོག་དང་པོའི་ཞིང་ཆེན་རིམ་པའི་ཁུལ་ཁོངས་ཡོངས་ཀྱི་དཔེ་སྟོན་ས་ཁུལ་དུ་གཏན་འཁེལ་བྱས།

                                                                                                         ལོ་ཙཱ་བ། བཀྲ་ཤིས་འབུམ།