ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྒྲུབ་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་སུ་གཏོང་བའི་བཟོ་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་གཞིས་ཁུལ་ལས་བྱེད་པའི་སློབ་གླིང་དུ་ཚོགས་འགོ་བརྩམས།
2020.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བསྒྲུབས་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་སུ་གཏོང་བའི་བཟོ་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་གཞིས་ཁུལ་ལས་བྱེད་པའི་སློབ་གླིང་དུ་ཚོགས་འགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ལྔ་ཡི་གཞིས་ཁུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བརྒྱ་དང་དོན་ལྔ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་ནི་གྲོང་ཁྱེར་གྱི་གཞི་རིམ་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་འགའ་ནུས་ལྡན་སྒོས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། གཞིས་ཁུལ་ཏང་རྩ་འཛུགས་ཧྲུའུ་ཅིས་འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཏང་འཛུགས་སྐྲུན་གྱིས་གཞིས་ཁུལ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་སྣེ་ཁྲིད་པའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་དེ་རེད།

ཚོགས་ཡུན་ཉིན་ལྔ་ཡིན་པའི་གསོ་སྦྱོང་ཁྲོད་དུ།  ཆེད་དོན་ཟུར་ཁྲིད་དང་འཆད་ཁྲིད། ཡུལ་དངོས་ལྟ་སྦྱོང་དང་སློབ་སྦྱོང་། ཚན་ཁག་བགར་ནས་གྲོས་སྡུར་དང་གཏམ་བཤད། ཉམས་མྱོང་བརྗེ་རེས་དང་བཞུགས་མོལ་སོགས་ཀྱི་རྣམ་པ་བརྟེན་ནས་གསོ་སྦྱོང་གི་དམིགས་ཡུལ་རང་བཞིན་དང་དངོས་ཕན་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་། ཏང་ཡོན་སློབ་གསོའི་བྱ་བ་དང་ཏང་ཀྲི་པུའུ་འཛུགས་སྐྲུན་བྱ་བ། གྲོང་ཁྱེར་གཞི་རིམ་ཏང་འཛུགས་སྐྲུན་སོགས་ཏང་འཛུགས་དངོས་གཉེར་དང་ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་ལག་བསྟར་ཚོད་ལྟའི་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་སྲིད་ཇུས་དང་ཁྲིམས་སྲོལ་འཆད་ཁྲིད་བྱས་པ་དང་། གནས་བབ་གསར་བའི་འོག་ཏུ་མང་ཚོགས་བྱ་བ་བཟང་བོར་བསྒྲུབ་པ་དང་ཐོལ་བྱུང་དོན་དག་འཕྲལ་སྒྲུབ་ཐག་གཅོད་དོ་དམ་སོགས་ཀྱི་བསླབ་ཚན་སློབ་སྦྱོང་བྱས་པ་བརྒྱུད།  གཞིས་ཁུལ་ཏང་རྩ་འཛུགས་ཧྲུའུ་ཅིའི་ཆབ་སྲིད་རིག་གཞུང་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་གཞིས་ཁུལ་སྲིད་ཇུས་དང་ཁྲིམས་སྲོལ་གསལ་བོར་ཤེས་པར་བྱས་པ། བྱ་བ་དང་སློབ་སྦྱོང་ཐད་ནས་བརྗེ་རེས་བྱེད་པའི་ནུས་པ་ཇེ་ཆེར་བཏང་བར་མ་ཟད། གཞི་རིམ་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིངས།

                                                                                               ལོ་ཙཱ་བ། བཀྲ་ཤིས་འབུམ།