རང་ཞིང་གིས་ཉིས་སྟོང་ཉི་ཤུ་ལོའི་དུས་ཚིགས་དང་པོའི་བར་དུ་བསྡོམས་པས་དབུལ་སྐྱོར་དབུལ་བུན་སྒོར་ཁྲག་ཁྲིག་གཅིག་ལྷག་བཏང་།
2020.07.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ། གསར་འགོད་པས་རང་ཞིང་གིས་བསྡུས་པའི་ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་དངུལ་རྩའི་དབུལ་སྐྱོར་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་སུ་དབུལ་སྐྱོར་བྱ་བ་སྒྲུབ་འགོ་བརྩམས་པའི་ཚུན་ལ། རང་ཞིང་གིས་དངུལ་རྩའི་དབུལ་སྐྱོར་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཉིས་སྟོང་ཉི་ཤུ་ལོའི་དུས་ཚིགས་དང་པོའི་བར་དུ་བསྡོམས་པས་རིགས་སོ་སོའི་དབུལ་སྐྱོར་དབུལ་བུན་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔ་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་དབུལ་སྐྱོར་གསར་སྤེལ་དངུལ་རྩའི་ཞབས་ཞུ་གཙོ་སྒྲུབ་དངུལ་ཁང་ལམ་ལུགས་དང་དངུལ་རྩས་གནད་འཁེལ་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པའི་མཚོ་སྔོན་འགུལ་སྐྱོད་ཇུས་གཞི། དབུལ་སྐྱོར་དངུལ་བུན་ཉུང་ཙམ་བསྐྱི་བའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བསམ་འཆར་སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པར་ཞིབ་འཇུག་དང་གཏན་འཁེལ་བྱས་ནས། དངུལ་རྩའི་གནད་འཁེལ་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་པར་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས།

མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་ཁོངས་གཏོགས་ཀྱིས་མུ་མཐུད་དུ་གནད་འཁེལ་སྲིད་ཇུས་ལག་བསྟར་བྱས་ཏེ། ཁྱབ་ཁོངས་གཙོ་བོར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་། དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བྱེད་པ། རོགས་ལས་མཉམ་ཤུགས་ལ་བརྟེན་ནས་དངུལ་རྩའི་དབུལ་སྐྱོར་བྱ་བ་གནད་ལ་ཁེལ་ཞིང་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། དངུལ་རྩའི་དབུལ་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་མ་ཟད། ཧུར་ཐག་སྒོས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་འབད་བརྩོན་བྱེད་རྒྱུ་རེད།

                                                                                                          ལོ་ཙཱ་བ། བཀྲ་ཤིས་འབུམ།