མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་མེན་ཧི་རྫོང་གིས་ལས་གཞི་ལ་གྲོས་མཐུན་བཀོད་པའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དྲུང་ཕྱུར་བརྒྱད་ལྷག་ལ་སླེབས།
2020.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་བརྗེ་རེས་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པའི་མཚོ་ཤར་གྲོང་ཁྱེར་གྱིས་ཆེད་དུ་གྲོས་མཐུན་འགོད་པའི་མཛད་སྒོ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུས། མེན་ཧི་རྫོང་མི་དམངས་ཀྱིས་བསྡོམས་པས་ལས་གཞི་གསུམ་ལ་གྲོས་མཐུན་བཀོད་པ་དང་། དེ་ས་ཁང་བདག་ཁོངས་ཐོན་ལས་དང་ཚོང་གཉེར་ཉོ་ཚོང་ལས་རིགས་དང་བཟོ་ལས་བཅས་ལ་འབྲེལ་བ་ཡོད་ལ། བསྡོམས་པས་དངུལ་གཏོང་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ལྷག་ལ་སླེབས།

ད་ལོའི་ཚོང་འགུག་དངུལ་འདྲེན་ལས་གཞིའི་དོན་དངོས་ལ་དམིགས་ཏེ། མེན་ཧི་རྫོང་གིས་ཧི་ནན་དང་ཀན་སུའུ། ཅང་སུའུ་སོགས་ས་ཁུལ་གྱི་ཚོང་བ་གྱ་གསུམ་གདན་ཞུ་བྱས་ཏེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཁྱད་ཐོན་ཐོན་རྫས་ལ་དམིགས་པ་དང་ཁེ་ལས་བཅུ་བདུན་རྩ་འཛུགས་བྱས་ཏེ་སྤུས་ལེགས་ཐོན་རྫས་སྣ་ཁ་ལྔ་བཅུ་མཚམས་སྦྱོར་བྱས་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས།

ཚོང་འགུག་ནི་ལས་གཞིའི་འབྱུང་གནས་ཡིན་པ་དང་ལས་གཞི་ནི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན། ཉེ་བའི་ལོ་འགའི་རིང་ལ། མེན་ཧི་རྫོང་གིས་ལྗང་མདོག་སྐྱེ་ཁམས་ཐོན་ལས་གཙོར་བཟུང་སྟེ་ཚོང་འགུག་དངུལ་འདྲེན་བྱ་བ་དེ་ལས་གཞིའི་སྣེ་ཁྲིད་འཐབ་ཇུས་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་བཞག་ནས། རྒྱུན་མཐུད་སྒོས་ལས་གཞིའི་ཞབས་ཞུ་བྱ་བ་ལེགས་སྒྱུར་བྱས་ཤིང་། སྨྱན་བྱད་ཀྱིས་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱས་པ་དང་། དྲ་ཐོག་ཚོང་གཏམ་བྱེད་རྒྱུ་གཙོར་བཟུང་ཞིང་མཉམ་ཤུགས་ཚོང་འགུག་གི་རྣམ་པ་ཆགས་པར་བྱས་པར་མ་ཟད། ལས་གཞི་ས་གནས་ཡོངས་སུ་ལག་བསྟར་བྱེད་པར་རོགས་འདེགས་བྱས་བས། རྫོང་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་གསོན་ཤུགས་གསར་བ་བསྣན།

                                                                                                  ལོ་ཙཱ་བ། བཀྲ་ཤིས་འབུམ།