རང་ཞིང་གི་བོད་སྨན་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན།
2020.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 97

གསར་འགོད་པས་ཉེ་སྔོན་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་སྨན་རྫས་འཕེལ་རྒྱས་ཞིབ་མཇུག་ཆེད་དོན་དཔྱད་བསྡུར་ཚོགས་འདུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་ཏུ་རང་ཞིང་གི་བོད་སྨན་བཟོ་ལས་ཐོན་རྫས་ཀྱི་སྤྱིའི་རིན་ཐང་སྒོར་ཐེར་འབུམ་གསུམ་ལྷག་ལ་སླེབས་པ་དང་རང་རྒྱལ་གྱི་བོད་སྨན་ཐོན་རྫས་ཀྱི་སྤྱིའི་རིན་ཐང་བསྡུར་ཚད་ལས་བརྒྱ་ཆའི་ཞེ་ལྔ་ལྷག་ཟིན་ཏེ་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྒྱ་དང་ཕྱོགས་བསྡུས་སྟོབས་ཤུགས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

རང་ཞིང་ནི་བོད་སྨན་འཕེལ་རྒྱས་ཀྱི་གནས་གཞི་གཙོ་བོ་ཡིན་ལ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ཡིན། ལོ་འདི་གའི་རིང་ལ་ཚན་རྩལ་གྱིས་ཀྲུང་བོད་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་ཁྲོད་དུ་དཔེ་སྟོན་གྱི་ནུས་པ་བཏོན་པ་དང་། ཚན་རྩལ་པུའུ་དང་ཀྲུང་གོའི་ཚན་རྩལ་གླིང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་འབྲེལ་ཡོད་སྡེ་ཁག ཀྲུང་བོད་ལུགས་སྨན་རྫས་ཁེ་ལས་བཅས་ཀྱིས་ཀྲུང་བོད་ལུགས་ཚན་རྩལ་འཆར་གཞིའི་རྣམ་གྲངས་བརྒྱ་དང་དྲུག་བཅུ་ལྷག་ལ་རོགས་རམ་བྱས་པ་དང་། ཚན་རྩལ་ཆེད་གཉེར་གྱི་སྒོར་དུང་ཕྱུར་ལྔ་ལྷག་བཏང་སྟེ་འཕེལ་རྒྱས་རང་བཞིན་གྱི་གྲུབ་འབྲས་བླངས།

སྡོམ་རྩིས་བྱས་བ་ལྟར་ན་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་དུ་རང་ཞིང་དུ་ཀྲུང་བོད་ལུགས་སྨན་རྫས་ཐོན་སྐྱེད་ཀྱི་ཁེ་ལས་ཞེ་གཅིག་ཡོད་པ་དེས་རང་ཞིང་གི་སྨན་རྫས་ཁེ་ལས་ཀྱི་བརྒྱ་ཆའི་བརྒྱད་བཅུ་ལྷག་ཟིན། ཨན་འར་ཉིན་སོགས་ཚོང་རར་ཞུགས་ཟིན་པའི་ཀྲུང་བོད་ལུགས་སྨན་རྫས་བཞིའི་རིན་ཐང་སྒོར་དུང་ཕྱིར་ལས་བརྒལ།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་མོ་ཁྲུང་མེན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཀྲུང་བོད་ལུགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྐས་རིམ་དུ་སླེབས་ཡོད་ལ་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་བོད་ལུགས་སྨན་རྫས་ཐོན་ལས་ཀྱི་འཁོར་སྐྱོད་སྒྲིག་སྲོལ་དང་དོ་དམ་རྐྱེན་སྲོལ་ལ་སྐུལ་འདེད་དང་གསར་བཏོད་བྱས་ཏེ་ཚན་རྩལ་གྱི་སྟེགས་བུ་བཟང་བོ་སྐྲུན་དགོས། རྒྱལ་ནང་གི་ཐོན་ཁུངས་མང་པོ་ཕྱོགས་གཅིག་ཏུ་བསྡུ་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་གནད་དོན་ཆེ་ཤོས་ཕྱོགས་གཅིག་ཏུ་བསྡུས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་སྨན་རྫས་ཚན་རྩལ་གསར་བསྐྲུན་གྱི་འཕེལ་རྒྱས་རྐས་རིམ་གསར་བ་ཞིག་ཏུ་བརྩོན་དགོས་ཟེར།                                                   

                                                                                                                        ལོ་ཙྰ་བ། རིག་འཛིན་ཐར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།