གཅིག་སྒྲིལ་རྫོང་གིས་རྣམ་པ་སྣ་ཚོགས་སྤྱད་དེ་རྫོང་ཡོངས་ཀྱི་རིམ་པ་སོ་སོ་ནས་དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླངས་ཤིག་བསླངས།
2020.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

བསྟུད་མར་ཉིན་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་རྣམ་པ་སྣ་ཚོགས་སྤྱད་དེ་རྫོང་ཡོངས་ཀྱི་རིམ་པ་སོ་སོ་ནས་དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླངས་ཤིག་བསླངས།

གཅིག་སྒྲིལ་རྫོང་གི་རིམ་པ་སོ་སོ་དང་ལས་ཁུངས་སོ་སོས་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཏེ་དམངས་དོན་ཁྲིམས་གཞུང་གི་བརྙན་རིས་ལ་ལྟ་བ་དང་ཆེད་མཁས་པ་དང་ཁྲིམས་རྩོད་པ་གདན་དྲངས་ནས་འཆད་ཁྲིད་བྱེད་པ། ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུ་བ། ཁྲིམས་སྐྱོང་བྱ་འགུལ་ལ་ཞུགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་འགུལ་ཁྱབ་ཁོངས་ཡོངས་སུ་རྒྱ་བསྐྱེད་པར་སྐུལ་འདེད་བཏང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམངས་དོན་ཁྲིམས་གཞུང་དེ་སློབ་སྦྱོང་གི་ནང་དོན་དུ་བཞག་སྟེ། ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ནུས་པ་བཏོན་པ་དང་དམངས་དོན་ཁྲིམས་གཞུང་ལག་བསྟར་ཐད་དྲིལ་སྒྲོག་དང་སྐུལ་འདེད། འགན་སྲུང་བྱེད་པར་སྣེ་ཁྲིད་བྱས། དྲིལ་སྒྲོག་ལས་ཁུངས་ཀྱིས་དམངས་དོན་ཁྲིམས་གཞུང་དེ་དྲིལ་སྒྲོག་ནང་དོན་དུ་བཞག་སྟེ་རྒྱུན་མཐུད་སྒོས་དྲིལ་སྒྲོག་སློབ་གསོ་ལ་ཤུགས་བསྣན་ནས། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་སྣང་ཚུལ་བཟང་བོ་བསྐྲུན། གྱོད་དོན་གྱིས་བཅའ་ཁྲིམས་འགྲེལ་བརྗོད་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས། གཉེན་སྒྲིག་སྲུང་སྐྱོབ་དང་ སྐྱེ་ཁམས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་དང་དམ་དུ་སྦྲེལ་བའི་འབྲེལ་ཡོད་ནང་དོན་གཞིར་འཛིན་པ་དང་། དམངས་དོན་བཅའ་ཁྲིམས་ཤེས་བྱའི་དྲིལ་སྒྲོག་བརྙན་རིས་ཐུང་ངུ་སྒྲིག་བཟོ་བྱས་ནས། དམངས་དོན་ཁྲིམས་གཞུང་དེ་མང་ཚོགས་ཡོངས་ལ་གསལ་བོར་ཤེས་སུ་བཅུག

ལོ་ཙཱ་བ། བཀྲ་ཤིས་འབུམ།