རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་བྱེ་བ་བཞི་ལྷག་བཏང་སྟེ་རང་ཞིང་གི་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི་བཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།
2020.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཧུར་ཐག་སྒོས་བརྩོན་ལེན་བྱས་པ་བརྒྱུད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཆེད་སྤྱོད་བཟོ་སྐྲུན་ཐད་ལ་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་བྱེ་བ་བཞི་དང་འབུམ་བརྒྱད་ཁྲི་བདུན་བཏང་སྟེ་ཀོས་ནན་རྩྭ་ལས་གསར་སྤེལ་ཚད་ཡོད་ཀུང་ཟིས་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི་བཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་ལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱུན་མཐུད་སྒོས་མ་དངུལ་བརྩོན་ལེན་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ཞིང་བསྡོམས་པས་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བརྒྱད་འབུམ་དྲུག་དང་ཁྲི་དགུ་བཀོད་སྒྲིག་བྱས་ཏེ། མིན་ཡོན་དང་ཏ་ཐུང་། དཔའ་ལུང་སོགས་རྫོང་དྲུག་ཏུ་ཚད་གཞི་མཐོ་བའི་ཞིང་ས་མུའུ་འབུམ་གཅིག་དང་ཁྲི་དྲུག་འཛུགས་སྐྲུན་བྱས་ནས། ལས་གཞི་ས་ཁུལ་གྱི་ཞིང་སའི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ནུས་ལྡན་ལེགས་བཅོས་བྱས་པ་དང་། ཞིང་སའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་ལ་ཇེ་ཆེར་འགྲོ་བར་རྨང་གཞི་བརྟན་པོ་བཏིངས།

ལོ་ཙཱ་བ། བཀྲ་ཤིས་འབུམ།