མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་ཡར་སྐུལ་འཆར་འགོད་སོགས་ལག་བསྟར་བྱེད་འགོ་བརྩམས།
2020.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་ཡར་སྐུལ་འཆར་འགོད་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་གཞི་རིམ་དུ་འཚར་ལོངས་འབྱུང་བའི་འཆར་འགོད། ན་གཞོན་ལྟ་སྦྱོང་འཆར་འགོད་བཅས་ལག་བསྟར་བྱེད་འགོ་བརྩམས་ཤིང་། སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མཐོ་རིམ་སློབ་གྲྭ་སོ་སོ། སྤྱི་ཚོགས་སོགས་ཕྱོགས་སོ་སོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད་དེ་སྲིད་ཇུས་དང་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་པ་དང་ཐོན་ཁུངས་ལེགས་སྒྲིག་དང་བཀོལ་སྤྱོད་བྱས་ཤིང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་ནུས་པ་མཐོར་འདེགས་སུ་གཏོང་བ་དང་ལས་ཞུགས་ལས་སྤེལ་ཐབས་ལམ་རྒྱ་སྐྱེད་ནས། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་མངོན་འགྱུར་བྱེད་པར་རོགས་འདེགས་ཆེན་པོ་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་ལྟ་སྦྱོང་རྟེན་གཞི་བརྒྱ་དང་ཞེ་དགུ་བཙུགས་ཡོད་ལ། ལྟ་སྦྱོང་བྱེད་འདོད་པའི་ན་གཞོན་དགུ་བརྒྱ་དང་ང་དྲུག་རྩ་འཛུགས་བྱས་ཏེ་ལས་ཞུགས་ལྟ་སྦྱོང་ལ་ཞུགས་ནས། ལྟ་སྦྱོང་ན་གཞོན་རྣམས་ཀྱིས་སྔར་ལས་མང་པོའི་བྱེད་སྒོའི་ལག་རྩལ་ཁོང་དུ་ཆུད་པར་རོགས་རམ་བྱས་པ་དང་ལས་ཞུགས་འགྲན་རྩོད་ནུས་པ་མཐོར་འདེགས་སུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་སྔར་ལས་རྒྱ་བསྐྱེད་ཆེད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་ཡར་སྐུལ་འཆར་འགོད་བྱས་ཏེ། ནུས་ཤུགས་མཐོར་འདེགས་འགུལ་སྐྱོད་དང་ལས་སྤེལ་སྣེ་ཁྲིད་འགུལ་སྐྱོད། སློབ་གྲྭའི་གནད་འཁེལ་ཞབས་ཞུའི་འགུལ་སྤྱོད། ལས་ཞུགས་རོགས་སྐྱོར་འགུལ་སྐྱོད། ཁེ་དབང་སྲུང་སྐྱོབ་འགུལ་སྤྱོད་སོགས་འགུལ་སྤྱོད་ཆེན་པོ་ལྔ་དམ་འཛིན་བྱས་ཤིང་། དགེ་རྒན་དཔུང་སྡེ་དང་ལས་ཞུགས་ནུས་པ་མཐོར་འདེགས་སུ་གཏོང་བའི་གསོ་སྦྱོང་མ་ལག་འཛུགས་སྐྲུན་བྱས་པ་བརྒྱུད་ནས། གསོ་སྦྱོང་གི་དམིགས་ཡུལ་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་བཏང་བ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་ནུས་པ་མཐོར་འདེགས་སུ་བཏང་།

ལོ་ཙཱ་བ། བཀྲ་ཤིས་འབུམ།