ཉེ་ལམ། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཧུར་ཐག་སྒོས་མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོ་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་གཏན་འཁེལ་བྱས་ཏེ། གཙོ་འགན་འཁུར་བའི་ལས་ཁུངས་ཀྱིས་གཙོ་ཁྲིད་བྱེད་པ་དང་སློབ་གྲྭ་གཙོ་གཞི་ཡིན་པ། ཚོང་རས་ཁྲིད་ཕྱོགས་བྱེད་པ། སློབ་སྦྱོང་དང་ཞིབ་འཇུག་མཉམ་བསྲེས་བྱེད་པའི་རང་བྱུང་སློབ་གསོའི་གསར་སྐྲུན་མ་ལག་གསར་སྐྲུན་བྱེད་པ་དང་། ཧུར་ཐག་སྒོས་རང་བྱུང་སློབ་གསོ་བྱ་བའི་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཉམ་སྐྲུན་མཉམ་སྐྱོང་དང་མཉམ་སྤྱོད་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྣམ་པ་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན། ཉིས་སྟོང་སུམ་ཅུ་ལོའི་བར་དུ་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱས་པ་བརྒྱུད། རང་ཞིང་གིས་བལྟོས་བཅས་སྒོས་ཆ་ཚང་ཡིན་པའི་མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོའི་མ་ལག་འཛུགས་པ་དང་། རང་བྱུང་སློབ་གསོ་དེ་རང་ཞིང་གི་སྐྱེ་ཁམས་རིག་གནས་གཙོ་བོ་རུ་འགྱུར་བར་གསོ་སྐྱོང་བྱས་ནས། རང་བྱུང་སློབ་གསོ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་རེད།
མཛུབ་སྟོན་བསམ་འཆར་ལས་བསྟན་དོན། ནགས་རྩྭས་གཙོ་ཁྲིད་བྱེད་པ་དང་། སློབ་གསོ་དང་ཚན་རྩལ་སོགས་ལས་ཁུངས་མང་པོས་རོགས་ལས་བྱེད་པ་དང་དེའི་ཁྲོད་དུ་ཞུགས་པའི་མཉམ་འབྲེལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་། ཧུར་ཐག་སྒོས་རང་བྱུང་སློབ་གསོ་བྱ་འགུལ་སྤེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་རྒྱལ་ཁབ་སྤྱི་གླིང་གི་རྣམ་པ་མཚོན་པ། སློབ་སྦྱོང་དང་ཞིབ་འཇུག་མཉམ་བསྲེས་བྱེད་པའི་རང་བྱུང་སློབ་གསོའི་གསར་སྐྲུན་མ་ལག་རིམ་བཞིན་འཛུགས་དགོས། ཉིས་སྟོང་ཉེར་ལྔའི་བར་དུ་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་རང་བྱུང་སློབ་གསོ་སློབ་གྲྭའི་རྟེན་གཞི་བཅུ་དགུ་དང་ཞིང་ཆེན་ཡོངས་་སུ་བརླན་སའི་སློབ་གྲྭ་གཉིས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྟེང་། རང་ཞིང་དུ་དམངས་ཡོངས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞིའི་དྲ་རྒྱ་ཁེབས་པར་བྱེད་པ་དང་། རྩ་དོན་ཐོག་ནས་རྫོང་རེ་རེ་ནས་སློབ་གྲྭ་གཅིག་རེ་དང་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོའི་སློབ་གྲྭ་འཛུགས་པར་བརྩོན་ལེན་བྱེད་རྒྱུ་རེད།
ལོ་ཙཱ་བ། བཀྲ་ཤིས་འབུམ།