རང་ཞིང་གིས་ས་ཁུལ་ང་གསུམ་དུ་ནགས་ལས་དང་རྩྭ་སར་གནོད་པ་ཐེབས་པའི་སྐྱེ་དངོས་འགོག་བཅོས་ནུས་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།
2020.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་རྒྱལ་ཡོངས་ཀྱི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བའི་བཟོ་སྐྲུན་འཆར་འགོད་དངོས་འབེབས་བྱེད་པ་དང་། ནགས་ལས་ལ་གནོད་པ་ཐེབས་པའི་སྐྱེ་དངོས་འགོག་བཅོས་ནུས་པ་མཐོར་འདེགས་སུ་གཏོང་ཆེད། རང་ཞིང་གིས་ཧུར་ཐག་བརྩོན་ལེན་བྱས་འོག ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་རང་ཞིང་གི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ནུས་པ་ཇེ་ཆེར་གཏོང་བའི་བཟོ་སྐྲུན་ཐད་ལ་ཀྲུང་དབྱང་སྔོན་རྩིས་ལ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་དགུ་དང་ཁྲི་དྲུག་བཏང་སྟེ། མཚོ་སྔོན་ཞིང་ཆེན་ནགས་ཚལ་གནོད་འབུ་འགོག་བཅོས་འགོས་ནད་ཞིབ་བཤེར་སྤྱིའི་ས་ཚིགས་དང་དེ་མིན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་རྫོང་དང་གྲོང་ཁྱེར། ཆུའུ་བཞི་བཅུ། ནགས་ར་གསུམ། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ས་ཁུལ་གཅིག་སོགས་སུ་ནགས་ལས་དང་རྩྭ་སར་གནོད་པ་ཐེབས་པའི་སྐྱེ་དངོས་འགོག་བཅོས་ནུས་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུའི་འཆར་འགོད་བཟོས། ལས་གཞི་ལེགས་འགྲུབ་བྱུང་རྗེས། རྒྱལ་ཁབ་རིམ་པའི་ལྟེ་གནས་ལྟ་ཞིབ་ཡར་ཞུ་བྱེད་སའི་ལྟ་ཞིབ་ཚད་ལེན་ནུས་པ་དང་གནོད་ཐེབས་ཐག་གཅོད་ནུས་པ་ནུས་ལྡན་སྒོས་མཐོར་འདེགས་སུ་གཏོང་བ་དང་། ནགས་ཚལ་ཐོན་ཁུངས་བདེ་འཇགས་དང་རྒྱལ་ཁུངས་སྐྱེ་ཁམས་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཇེ་ཆེར་གཏོང་ངེས་རེད།

ལོ་ཙཱ་བ། བཀྲ་ཤིས་འབུམ།