རྨ་ལྷོ་ཁུལ་གྱིས་ཁུལ་ཐད་གཏོགས་གཞི་རིམ་བཟོ་ཚོགས་ཀྲུའུ་ཞིའི་དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་གི་ཆེད་དོན་འཆད་ཁྲིད་བསྡུས།
2020.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཉེ་ལམ། རྨ་ལྷོ་ཁུལ་སྤྱིའི་བཟོ་ཚོགས་དང་ཁུལ་ཁྲིམས་འཛིན་ཅུའུ་གཉིས་ཀྱིས་པེ་ཅིན་གྲོང་ཁྱེར་ཧྲང་ཆོན་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཀྲུའུ་རིན། རྩེ་ཁོག་རྫོང་དུ་སྡོད་པའི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པ་ཀྲང་ཆིན་སུང་གདན་ཞུ་བྱས་ནས་མཉམ་འབྲེལ་སྒོས་དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་གི་ཆེན་དོན་འཆད་ཁྲིད་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་གི་སློབ་སྦྱོང་དང་དྲིལ་སྒྲོག་ལ་ཤུགས་སྣོན་པའི་སྐོར་གྱི་གསུང་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨུའི་འབྲེལ་ཡོད་བཀོད་སྒྲིག་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། ཁུལ་ཐད་གཏོགས་སྲིད་འཛིན་ཁེ་ལས་དང་ལས་དོན་སྡེ་ཁག་གི་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་བསྡོམས་པས་མི་བརྒྱ་ལྷག་གིས་འཆད་ཁྲིད་ལ་ཉན།

འཆད་ཁྲིད་བྱེད་སྐབས། ཀྲང་ཆིན་སུང་གིས་གཞུང་ལུགས་དང་ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པར་རྒྱབ་རྟེན་ནས། དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་གཏན་འབེབས་འགྲེམ་སྤེལ་གྱི་དོན་སྙིང་གལ་ཆེན་དང་དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་གི་ནང་དོན་གཙོ་བོ། བཟོ་ཚོགས་ལས་བྱེད་པས་དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་དང་བཀོལ་སྤྱོད་བཟང་བོ་བྱེད་པ་སོགས་ཕྱོགས་གསུམ་ཐད་ནས་འཆད་ཁྲིད་བྱས། འཆད་ཁྲིད་གྲོལ་རྗེས། རྨ་ལྷོ་ཁུལ་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལིས་ཧྲི་ཆེན་གྱིས་ཏང་ཡོངས་ཀྱི་བཟོ་ཚོགས་ཀྱིས་དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་གཉིས་བཏོན། གཅིག་ནས་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ནས། དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་ལས་ཁུངས་དང་ཁེ་ལས་སུ་བསྐྱོད་པ་དང་ལས་བཟོ་བས་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་པར་བྱེད་དགོས། གཉིས་ནས་རང་རྟོགས་སྒོས་བཅའ་ཁྲིམས་བཀོལ་སྤྱོད་བཟང་བོ་བྱེད་དགོས། བཅའ་ཁྲིམས་བརྩི་སྲུང་དང་ནན་མོ་བྱེད་པའི་རྨང་གཞི་སྟེང་། ཁྲིམས་ལྟར་བྱ་བ་བསྒྲུབ་པ་དང་། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་བྱེད་པ། དཀའ་གནད་ལ་འཕྲད་དུས་བཅའ་ཁྲིམས་སྤྱོད་པ་བཅས་བྱས་ནས། བཟོ་ཚོགས་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། ལས་བཟོ་བར་ཞབས་འདེགས་སྔར་ལས་བཟང་བོ་བྱེད་དགོས་པ་བཅས་རེད།

ལོ་ཙཱ་བ། རིན་ཆེན་མཚོ།