ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བཅོས་སྒྱུར་ཟབ་སྤེལ་དང་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་བ་དང་། འགྲོ་སྒོ་སྒྲིག་གཞི་ལེགས་སྒྱུར་བྱས་པ། སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་འགན་སྲུང་བྱེད་པའི་ནུས་པ་ཇེ་ཆེར་བཏང་ནས། ཁྲིམས་འཛིན་སྲིད་འཛིན་དོ་དམ་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་ཤུགས་འདོན་པ་དང་ཕྱོགས་མང་པོ་ནས་བརྒལ་གཏོར་བྱེད་པ། གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་དང། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གསར་སྐྲུན་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱས།
ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ཁྲིམས་འཛིན་ཐིན་སོགས་ལས་ཁུངས་དང་མཉམ་དུ་སྔ་གཞུག་ཏུ་རྨང་གཞི་འདིང་བ་དང་གནད་ཆེ་ས་འགན་སྲུང་བྱེད་པ། དཀའ་གནད་སེལ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་པ་དང་། རིགས་ཇེ་མང་དུ་གཏོང་བ་དང་ནུས་ལྡན་འགན་སྲུང་། ཚད་ལྡན་ཕན་འབྲས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། ཁྲིམས་འཛིན་བྱེད་སྒོའི་འགྲོ་སྒོ་དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་འགྲོ་གྲོན་འགན་སྲུང་དང་ཞིང་ཆེན་ཡོངས་ཀྱི་གཞུང་དཔང་སྒྲིག་གཞིའི་སྒྲིག་སྲོལ་བཅོས་སྒྱུར་རྗེས་ཀྱི་ནོར་སྲིད་འགྲོ་གྲོན་འགན་སྲུང་དོ་དམ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་འགྲོ་གྲོན་གཅིག་སྡུད་བཀོལ་སྤྱོད་དོ་དམ་བྱེད་ཐབས་སོགས་གཏན་འཁེལ་བྱས། ཧུར་ཐག་སྒོས་ཁྲིམས་རྩོད་པ་ཁྲིམས་འགལ་ཁྲིམས་བཅར་གྱོན་དོན་ལ་ཞུགས་ནས་ཐག་གཅོད་བྱེད་པ་སོགས་ཀྱི་ཞབས་ཞུ་འཚོལ་ཞིབ་བྱེད་པ་དང་། བཅའ་ཁྲིམས་རོགས་སྐྱོར་དེ་དམངས་ཚིས་དོན་དངོས་བཟོ་སྐྲུན་ཁྲོད་བཞག་ནས། མི་དམངས་མང་ཚོགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཅའ་ཁྲིམས་ལས་དོན་ཐད་ཀྱི་དགོས་མཁོ་གསར་བ་ཡོངས་སུ་བསྐངས།
ལོ་ཙཱ་བ། བཀྲ་ཤིས་འབུམ།