2019ལོའི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་ཡུལ་ཤུལ་གྲོང་ཁྱེར་དུ་བསྡུས།
2020.08.21 ཁུངས། ཀློག་གྲངས། 1024

སྤྱི་ཟླ8པའི་ཚེས21ཉིན། 2019ལོའི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་བསྡུས། 2019ལོའི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་མཐུན་ཚོགས་ཚོགས་ཀྱིས་གཙོ་སྒྲུབ་དང་། ཡུལ་ཤུལ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་གནང་སྟེ་བསྡུས་པ་ཡིན་ལ། ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་བོད་སྐད་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཚང་མ་དང་འབྲེལ་ཡོད་མི་སྣ་ཉི་ཤུ་ཙམ་ཚོགས་འདུར་ཞུགས། 

ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་མཐུན་ཚོགས་ཀྱི་ཀྲིན་ཧོས་ནུང་གིས་གཙོ་སྐྱོང་བྱས་པར་མ་ཟད། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་ཀྱི་དགོངས་དོན་དང་བླང་བྱ་གསལ་པོར་བཤད་ནས། དཔྱད་འདེམས་པ་དག་ལ་དཔྱད་འདེམས་བྱ་བ་ལེགས་པོར་བསྒྲུབ་སྟེ་ཕུལ་བྱུང་བརྩམས་ཆོས་ལེགས་འདེམས་བྱེད་དགོས་པའི་རེ་བ་བཏོན།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བྱ་དགའ་ནི་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱེད་པའི་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་ལོ་འཁོར་གཅིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་ལེགས་འདེམས་བྱེད་པའི་བྱ་དགའ་ཡིན། བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་འགྱུར་གླེང་ཕྱོགས་བྱ་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་དག་ནན་ཏར་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། རིག་གནས་ཀྱི་གཟི་མདངས་མངོན་པ་དང་། གཞུང་ཕྱོགས་ཀྱི་དགོངས་པ་ཁྱབ་སྒྲོག་བྱེད་པ། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་པ། ལེ་ཚན་གྱི་སྤུས་ཀ་མཐོར་འདེགས་བྱེད་པ། ལས་རིགས་ཀྱི་སྔོན་ཐོན་ལ་གཟེངས་རྟགས་སྤྲོད་ཅིང་། བྱ་བའི་སྤྲོ་སེམས་ལ་སྐུལ་ལྕག་གཏོང་བ། ལྔ་བཞི་ཐབས་ཇུས་ཀྱི་སྟོབས་ཤུགས་སྔར་བས་ལེགས་པོར་གཅིག་ཏུ་བསྡུ་བ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཤུགས་ཆེན་པོར་ལེགས་སྤེལ་བྱེད་པ། འབྱོར་ཕྱུག་གི་དཔལ་ཡོན་དང་འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོར་བསྐྲུན་ནས། ཟླ་མེད་ཀྱི་བསམ་བློའི་སྒུལ་ཤུགས་སྩོལ་བ་བརྗོད་དོན་དུ་བྱས་ཡོད།

ཚོགས་ཞུགས་དཔྱད་འདེམས་པ་དག་གིས་དཔྱད་འདེམས་བརྩམས་ཆོས201འབྱོར་ཡོད་པ་ལས་ཕུལ་བྱུང་བརྩམས་ཆོས་དག་ལེགས་འདེམས་བྱེད་པ་ལས་གཞན། མཚོ་སྔོན་གྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་སྔར་བས་གོང་དུ་འཕེལ་བ་དང་། མུ་མཐུད་དུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིལ་སྒྲོག་བཟང་པོར་བྱས་ཏེ་བོད་རིགས་མང་ཚོགས་ལ་ཞབས་ཞུ་ལེགས་སྒྲུབ་བྱེད་པར་ཕན་ཚུན་ལ་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ཉམས་མྱོང་བཟང་པོ་དག་ལ་སློབ་སྦྱོང་ལེགས་པོ་བྱས།

ཚན་ཆུང་བགར་ནས་ཕུལ་བྱུང་བརྩམས་ཆོས་ལེགས་འདེམས་བྱེད་པ།

ཚན་ཆུང་བགར་ནས་ཕུལ་བྱུང་བརྩམས་ཆོས་ལེགས་འདེམས་བྱེད་པ།

ཚན་ཆུང་བགར་ནས་ཕུལ་བྱུང་བརྩམས་ཆོས་ལེགས་འདེམས་བྱེད་པ།