ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དཀའ་ཁག་ཡོད་པའི་ལས་བཟོ་བའི་དཀའ་ཁག་སེལ་བ་དང་། ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གྲོང་ཁྱེར་གྱི་དཀའ་ཁག་ཡོད་པའི་ལས་བཟོ་བའི་དཀའ་ཁག་སེལ་བའི་བྱ་བ་ལག་བསྟར་ནན་མོ་བྱེད་པའི་སྐོར་གྱི་བསམ་འཆར་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་བཟོ་ཚོགས་ཀྱིས་ལས་ཞུགས་གཏན་འཇགས་ལ་ཞབས་འདེགས་ཞུ་བའི་བྱ་བ་སྔར་ལས་བཟང་བོ་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་གྱི་རེ་བ་ལྟར། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཉེ་དུས221དཀའ་ཁག་ཡོད་པའི་ལས་བཟོ་བའི་དངོས་མིང་འགོད་པའི་ལས་ཞུགས་ལས་སྐྲུན་ཞབས་ཞུ་བཟོ་སྐྲུན་ལག་བསྟར་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། བཟོ་སྐྲུན་དེ་ནི་ལས་སྐྲུན་ལས་ཞུགས་ཀྱི་འདོད་བློ་ཡོད་པ་དང་ནུས་པ་ལྡན་པའི་ལས་སྐྲུན་སྣེ་ཁྲིད་པ་དང་དཀའ་ཁག་ཡོད་པའི་ལས་བཟོ་བ་དང་དེའི་ཁྱིམ་མི་རོགས་སྐྱོར་བྱེད་ཡུལ་དུ་བརྩི་བ་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རིམ་པ་དེ་གའི་དཀའ་ཁག་ཡོད་པའི་ལས་བཟོ་བའི་རོགས་སྐྱོར་མ་དངུལ་ཁྲོད་ནས་ལས་ཞུགས་ལས་སྐྲུན་ཀྱི་རོགས་སྐྱོར་མ་དངུལ་སྒོར་འབུམ་བརྒྱད་བཏང་ནས། རིན་གོང་སྒོར་ཁྲི་གཉིས་ཀྱི་ཐོན་སྐྱེད་རྒྱུ་ཆ་མཁོ་འདོན་བྱས་པ་བརྒྱུད་དེ་དཀའ་ཁག་ཡོད་པའི་ལས་བཟོ་བ་ཉི་ཤུ་དང་དེའི་ཁྱིམ་མིས་ལས་ཞུགས་ལས་སྐྲུན་བྱེད་པའི་ཐད་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། ལས་སྐྲུན་ཁ་གསབ་མ་དངུལ་སྒོར་ཁྲི་གཉིས་འདོན་སྤྲོད་བྱེད་པ་བརྒྱུད་དེ། དཀའ་ཁག་ཡོད་པའི་ལས་བཟོ་བ་ཉི་ཤུ་དང་དེའི་ཁྱིམ་མིའི་ལས་སྐྲུན་ཐད་རོགས་སྐྱོར་བྱེད་པ་དང་། དཀའ་ཁག་ཡོད་པའི་ལས་བཟོ་བ་བརྒྱ་དང་དེའི་ཁྱིམ་མིའི་ལས་ཞུགས་ཐད་སྣེ་ཁྲིད་བྱེད་རྒྱུ་རེད། དུས་མཚུངས་སུ་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ལ་ཆེད་སྤྱོད་མ་དངུལ་བཏང་ནས། ཐོན་སྐྱེད་ཚོང་གཉེར་རྒྱུ་ཆ་དང་ལས་ཞུགས་ལས་སྐྲུན་གྱི་ཁ་གསབ་མ་དངུལ་འདོན་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྒྱ་ཆེའི་ལས་བཟོ་བ་དང་ལྷག་པར་དུ་དཀའ་ཁག་ཡོད་པའི་ལས་བཟོ་བ་དང་དེའི་ནང་མིའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བརྟན་འཇགས་དང་ལས་ཞུགས་འགན་སྲུང་ཐད་བྱས་རྗེས་བཟང་བོ་འཇོག་དགོས་པའི་རེ་བ་བཏོན།
ལོ་ཙཱ་བ། རིན་ཆེན་མཚོ།