༢༠༢༠ལོའི་ཧེ་ཡན་རྫོང་གི་རྩྭ་ཐང་གི་ལང་ཚོ་ཞེས་པའི་མུ་འབྲེལ་བྱ་འགུལ་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནས་ཟླ་དགུ་བའི་ཚེས་ལྔ་ཉིན་བར་མདའ་བཞི་རྫོང་མདའ་བཞི་གྲོང་རྡལ་བོན་གྱ་ཕྱུགས་ར་ནས་སྤེལ་རྒྱུ་རེད།
2020.08.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 85

༢༠༢༠ལོའི་ཧེ་ཡན་རྫོང་གི་རྩྭ་ཐང་གི་ལང་ཚོ་ཞེས་པའི་མུ་འབྲེལ་བྱ་འགུལ་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནས་ཟླ་དགུ་བའི་ཚེས་ལྔ་ཉིན་བར་མདའ་བཞི་རྫོང་མདའ་བཞི་གྲོང་རྡལ་བོན་གྱ་ཕྱུགས་ར་ནས་སྤེལ་རྒྱུ་རེད།

གསར་འགོད་པས་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ༢༠༢༠ལོའི་མདའ་བཞི་རྫོང་གི་རྩྭ་ཐང་གི་ལང་ཚོ་ཞེས་པའི་མུ་འབྲེལ་བྱ་འགུལ་མི་འགྱངས་བར་མདའ་བཞི་གྲོང་རྡལ་བོན་གྱ་ཕྱུགས་ར་ནས་སྤེལ་རྒྱུ་ཡིན་ལ། ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ནི་རང་ཉིད་གཙོ་བོར་བཟུང་ནས་ཁྱོན་ཡོངས་སྒོ་འབྱེད་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱི་བརྒྱུད་ནས་ཐོན་ལས་མཉམ་འདྲེས་ཞེས་པ་དེ་ཡིན། ཐེངས་འདིའི་བཀོད་སྒྲིག་གཞིར་བཟུང་ནས་བྱ་འགུལ་རྣམས་གྲངས་བཅུ་ལྷག་སྤེལ་རྒྱུ་རེད། མུ་འབྲེལ་བྱ་འགུལ་བཅུ་ནི་རྩེད་སྤྱད་རོལ་རྩེད་དང་ན་གཞོན་ལོ་ཆུང་གི་ལག་བཟོས་ཡིག་གཟུགས་པར་རིས་འགྲེམ་སྟོན། གློག་ཆས་འགྲན་སྡུར། མཚོ་བྱང་ཁུལ་གྱི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་ན་གཞོན་ལོ་ཆུང་གི་འཇོན་ནུས་འགྲན་སྡུར་ཆེན་མོའི་བྱ་དགའི་དགོང་ཚོགས། མཚོ་བྱང་ཁུལ་གྱི་སྐབས་གཉིས་པའི་ཞིང་བའི་ལོ་ལེགས་དུས་སྟོན་དང་མདའ་བཞི་རྫོང་གི་ཞིམ་ཟས་འགྲན་སྡུར། འཁྱུག་དབྱངས་ཐད་གཏོང་བརྒྱུད་ནས་ཐོན་རྫས་འཚོང་བ། མཚོ་བྱང་ཁུལ་གྱི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་སྔོན་སྐྱོད་རྟགས་མའི་མང་ཚོགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན། རྩྭ་ཐང་གི་ལང་ཚོ་ཞེས་པའི་རོལ་དབྱངས་ཆེད་ཚོགས། མི་རིགས་མཐུན་སྒྲིལ་རྟགས་མའི་སྐོར་བྲོ་འགྲན་སྡུར་ཆེན་མོ། མཚོ་སྔོན་པོའི་རྟ་རྒྱུགས་བརྗེ་རེས་ཚོགས་འདུ་བཅས་ཡིན།

གསར་འགོད་པ། དཔའ་བརྟན་རྒྱལ།