༢༠༢༠ལོའི་ཧེ་ཡན་རྫོང་གི་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོ་ཞེས་པའི་མུ་འབྲེལ་བྱ་འགུལ་གྱི་འགོ་ཚུགས་མཛད་སྒོ་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོ་མདའ་བཞིའི་བོན་གྱ་ཕྱུགས་ར་ནས་བསྡུས།
བྱ་འགུལ་ལ་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད།
ཐེངས་འདིའི་བྱ་འགུལ་ནི་ཀྲུང་གུང་མཚོ་བྱང་ཁུལ་ཏང་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་བཅས་ཀྱིས་གཙོ་སྒྲུབ་དང་། ཀྲུང་གུང་ཧེ་ཡན་རྫོང་ཏང་ཨུ་དང་ཧེ་ཡན་རྫོང་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུའུ། མཚོ་བྱང་ཁུལ་སློབ་གསོ་ཅུའུ། མཚོ་བྱང་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ་ཁུར་ཞིང་། མཚོ་བྱང་ཁུལ་རིག་གནས་ཁང་དང་ཧེ་ཡན་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་ཅུའུ་སོགས་ལས་ཁུངས་དང་ཀུང་ཟི་དག་གིས་རོགས་སྒྲུབ་བྱས་པ་ཡིན།
ཧེ་ཡན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཏུང་དབྱི་ཡུས་ཀྱིས་འགོ་ཚུགས་མཛད་སྒོའི་སྟེང་ཤིས་ཚིག་འབུལ་བཞིན་པ།
ཐེངས་འདིའི་བྱ་འགུལ་གྱིས་རྩྭ་ཐང་གི་དགྱེས་འཛོམས་དང་ཝང་ལའོ་པེན་རོལ་མོའི་སྒྱུ་རྩལ་དུས་ཆེན། མཚོ་སྔོན་པོའི་རྒྱལ་ཡོངས་རྟ་རྒྱུགས་བརྗེ་རེས་ཚོགས་ཆེན། མདའ་བཞི་རོལ་མའི་དུས་སྟོན་སོགས་བྱ་འགུལ་ཆེན་མོ་རབ་དང་རིམ་པ་བརྒྱུད་དེ། རིག་གནས་གནས་སྐོར་ལས་རིགས་མགྱོགས་མྱུར་སྒོས་མཉམ་འདྲེས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དྭངས་གཙང་གི་མདའ་གཞུ་ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་དང་སྐད་གྲགས་ཆོད་ཚད་མཐོར་འདེགས་སུ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་གཏོགས་སེམས་དང་བདེ་སྐྱིད་ཀྱི་ཚོར་སེམས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་། ཧེ་ཡན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཏུང་དབྱི་ཡུས་ཀྱིས་འགོ་ཚུགས་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཧའེ་ཡན་རྫོང་གིས་དམར་པོའི་གཞི་རྒྱུ་དང་། སླད་མེད་ཐོན་ལས། ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་བཅས་གཞི་རྩར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བར་སྟོང་བཀོད་སྒྲིག་བྱེད་པའི་ནང་རང་འགུལ་ངང་ཞུགས་པ་དང་། མངོན་གསལ་དོད་པའི་རིག་གནས་ཡུལ་སྐོར་ལེགས་སྒྲིག་མཐའ་འཁྱོངས་དང་། རྨང་གཞིའི་ཆུ་ཚད་ཇེ་མཐོར་གཏོང་བར་ཤུགས་སྣོན་པ། ཚོང་རྟགས་མིང་གྲགས་ཅན་བསྐྲུན་རྒྱུར་མཐོང་ཆེན་བྱེད་པ། ཕྲེང་སྟར་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ལས་རྣམ་གསར་པ་གསོ་སྐྱོང་བཟང་པོ་བཅས་བྱས་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། ཡུལ་སྐོར་གྱི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ཡུལ་སྐོར་ཁོར་ཡུག་བཟང་པོ་བསྐྲུན་ཡོད་པས་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད།
འགོ་ཚུགས་མཛད་སྒོའི་འཁྲབ་སྟོན།
ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག མི་རིགས་ཁག་གི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཧེ་ཡན་གྱི་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ནས་ཧེ་ཡན་གྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་གནས་པ་དང་སྐྱེ་ཁམས་ཀྱིས་རྩྭ་ཐང་གི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ནས་ཆུ་བོ་དྭངས་ཤིང་གཙང་བའི་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་དང་འདེགས་སྐྱོར་གསར་པ་བཏོད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཟེར། ཐེངས་འདིའི་བྱ་འགུལ་ལ་ཁྱད་ཆོས་གཙོ་གསུམ་མངོན་པ་སྟེ། གཅིག་ནས་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་ཧ་ཅང་སྣ་མང་ཡིན། ལོ་སྔོན་མའི་འགུལ་རིས་རྩེད་ཆས་བྱ་འགུལ་དང་བསྡུར་ན་གློག་ནུས་འགྲན་སྡུར་དང་རོལ་མོའི་ཆེད་ཚོགས་སོགས་སྤྲོ་བ་འཕེལ་བའི་བྱ་འགུལ་གང་མང་ཞིག་ཁ་སྣོན་བྱས་ཡོད། གཉིས་ནས་མང་ཚོགས་ཟབ་ཞུགས་བྱེད་པར་མཐོང་ཆེན་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད། ཞིང་བའི་ལོ་ལེགས་དུས་སྟོན་དང་ཧེ་ཡན་རྫོང་གི་ཞིམ་ཟས་འགྲན་སྡུར། མི་རིགས་མཐུན་སྒྲིལ་རྟགས་མའི་སྐོར་བྲོ་འགྲན་སྡུར། མཚོ་སྔོན་པོའི་རྟ་རྒྱུགས་བརྗེ་རེས་ཚོགས་འདུ་སོགས་བརྒྱུད་ནས། སྤྱི་ཚོགས་ལས་རིགས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བོད་ཁུལ་གྱི་དམངས་སྲོལ་སྣ་ཚོགས་ལ་རྒྱུས་ལོན་པར་བྱས་ཡོད། གསུམ་ནས་དྲ་ཐོག་གི་ཕྱིར་འཚོང་རྣམ་པ་བརྒྱུད་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དྲ་ཐོག་ཐད་གཏོང་བརྒྱུད་ནས་ཐོན་རྫས་ཕྱིར་འཚོང་བྱེད་པ་དང་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་གཅིག་བསྡུས་ཀྱིས་དྲིལ་སྒྲོག་དང་ཕྱིར་འཚོང་བྱེད་པ་བརྒྱུད་ནས་དྭངས་གཙང་གི་མདའ་གཞུ་ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་དང་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་།
གསར་འགོད་པ། དཔའ་བརྟན་རྒྱལ།