
སྤྱི་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྐབས་གསུམ་པའི་བོད་ཀྱི་དམངས་ཁྲོད་མིག་མངས་སྒྱུ་རྩལ་འཁྲབ་སྟོན་གྱི་འགྲན་སྡུར་དེ་མཚོ་ཤར་གྲོང་ཁྱེར་ཕིན་ཨེན་ཆུའུ་རུ་ཚོགས། ཚོགས་ཐོག་ཏུ་རང་ཞིང་ཐེ་བའི་བོད་རང་སྐྱོང་ལྗོངས་དང་ཀན་སུའུ་ཞིང་ཆེན་བཅས་ཀྱི་མིག་མངས་ཞིབ་འཇུག་ཆེད་མཁས་པ་དང་མཁས་པ། ལུས་རྩལ་པ་སོགས་བརྒྱ་ལ་ཉེ་བ་ཞུགས་འདུག
བོད་འགྱིག་ནི་བོད་རིགས་མི་དམངས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་འཚོལ་ཞིབ་དང་བསྔོག་འདོན་བྱས་པའི་རིག་པ་བརྡར་བའི་རྩེད་འཇོ་ཞིག་ཡིན་ལ། རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཤེས་རབ་ཀྱི་ཉིང་ཁུ་ཡིན་པ་དང་། བོད་རིགས་དམངས་ཁྲོད་དུ་རྒྱ་ཁྱབ་ཏུ་དར་བའི་རིག་ནུས་འགྲན་སྡུར་གྱི་རྩེད་འཇོ་རོལ་སྟངས་ཤིག་ཡིན་པས། ལོ་ངོ་སྟོང་ཕྲག་མང་པོར་བོད་རིགས་མི་དམངས་དེ་ལ་དགའ་ཞེན་བླ་ལྷག་ཡོད། མཚོ་སྔོན་གྱི་མི་རིགས་སོ་སོས་དུས་ཡུན་རིང་པོར་བོད་འགྱིག་གི་རིག་གནས་འདི་ཉིད་རྒྱུན་འཛིན་བྱས་ནས་འོངས་པ་རེད།
ཞིང་ཆེན་མིག་མངས་རིགས་ཀྱི་ལུས་རྩལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གོ་ཧེ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་བོད་འགྱིག་ལུས་རྩལ་ལ་ལོ་རྒྱུས་ཡུན་རིང་ཞིང་། མིག་སྔར་རང་ཞིང་གིས་རྒྱུན་འཛིན་དང་གསོག་ཉར་བྱས་པའི་མིག་མངས་ཀྱི་རིགས་ལ་བཙིར་འགྱིག རྒྱལ་བོ་མགོ་བཞི། མིག་མངས། ཏ་ལེན་འགྱིག བཞི་འགྱིག་སོགས་མང་ཟེར།
ལོ་ཙཱ་བ། སྐལ་བཟང་རྣམ་རྒྱལ།