ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ལ་སྡོད་ཁང་ཡོད་པར་བྱེད་པ་དང་མང་ཚོགས་ཀྱི་སྐྱིད་སྣང་དང་ཡིད་ཚིམ་ཚད་མཐོར་འདེགས་གཏོང་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཞི་རྩར་འགན་སྲུང་དང་དམངས་ཚིས་ལ་ཕན་འདོགས་པའི་སྤྱི་ཁོག་གི་རེ་བ་ལྟར། ཁང་རྙིང་ཁུལ་བསྒྱུར་བཀོད་དང་གཞིས་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་པའི་འཆར་གཞི་ལས་འགན་སྣ་ཚོགས་གཏན་ཁེལ་འོས་འཚམ་བྱེད་པ། མ་དངུལ་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་སྟེ། མིག་སྔའི་བར་དུ་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་བྱེ་བ་བཞི་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་ཁང་རྙིང་ཁུལ་གྱི་ཁང་བ་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་ཉེར་བཞི་བསྒྱུར་བཀོད་བྱེད་རྒྱུའི་ལས་འགན་གཏན་ཁེལ་བྱས་པ་དང་། ཁང་བ་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་དང་བཅོ་བརྒྱད་ཡོངས་འགྲུབ་བྱས་ལ། ཁང་བ་ཁྲི་གཅིག་དང་སྟོང་དྲུག་བཞི་བརྒྱ་བཅུ་བཞིའི་ནང་དུ་མང་ཚོགས་སྤར་ཡོད། ཟླ་བདུན་པའི་ཟླ་མཇུག་བར་དུ། ཁང་བ་སྟོང་གཉིས་དང་བརྒྱད་བརྒྱ་བཅུ་གཅིག་གསར་དུ་འཛུགས་སྐྲུན་བྱས་པ་དང་། ཁང་བ་སྟོང་བཞི་དང་དྲུག་བརྒྱ་ཞེ་བཞི་ཡོངས་འགྲུབ་བྱས་ལ། ཁང་བ་སྟོང་བཞི་དང་དྲུག་བརྒྱ་རེ་གསུམ་ནང་མི་བསྡད་ཡོད་པ་དང་། སོ་སོར་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ཉེར་བཞི་ལྷག་དང་བརྒྱ་ཆའི་སོ་བདུན་ལྷག བརྒྱ་ཆའི་ཉེར་བརྒྱད་ལྷག་ཡོངས་འགྲུབ་བྱས་ལ། མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་དགུ་ས་ཡ་བརྒྱད་བཏང་། གྲོང་གསེབ་ཀྱི་གཞིས་ཁུལ་རྙིང་བའི་བསྒྱུར་བཀོད་ལས་འགན་བཞི་བརྒྱ་དང་དོན་གཉིས་དང་ཁང་བ་ཁྲི་ལྔ་དང་དགུ་བརྒྱ་ཞེ་བརྒྱད་བསྒྱུར་བཀོད་བྱེད་རྒྱུ་གཏན་ཁེལ་བྱས་པ་དང་། ཟླ་བདུན་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་གཞིས་ཁུལ་ཉིས་བརྒྱ་དང་ཞེ་གསུམ་དང་ཁང་བ་ཁྲི་གཉིས་དང་སྟོང་གསུམ་སུམ་བརྒྱ་ཞེ་བཞི་བསྒྱུར་བཀོད་བྱས་ཟེར།
དེ་དང་མཉམ་དུ། གླ་གཏོང་ཁ་གསབ་ཟླ་རེ་དང་དུས་ཚིགས་རེར་སྟེར་བའི་འབྲེལ་ཡོད་གཏན་ཁེལ་ལྟར། མཚོ་སྔོན་ཞིང་ཆེན་གྱིས་དུས་ཐོག་ཏུ་གླ་གཏོང་ཁ་གསབ་སྟེར་བ་མ་ཟད། ཁྱིམ་ཚང་ལྟར་གླ་གཏོང་ཁ་གསབ་སྟེར་བའི་ཡིག་ཚགས་བཙུགས་པ་དང་། དུས་བཀག་ལྟར་ཡང་བསྐྱར་ཞིབ་བཤེར་གཏན་འབེབས་བྱས་ལ། དུས་ཐོག་ཏུ་འགན་སྲུང་བྱེད་ཡུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། ཕན་ཐོགས་མང་ཚོགས་ཀྱིས་དུས་ཐོག་ཏུ་སྲིད་ཇུས་ཁ་གསབ་ལོངས་སྤྱོད་བྱེད་ཐུབ་པར་འགན་སྲུང་བྱས། ད་ལོར། ཞིང་ཆེན་ཡོངས་ཀྱིས་ཁྱིམ་ཚང་སྟོང་བརྒྱད་དང་བཞི་བརྒྱ་རེ་བདུན་ལ་གླ་གཏོང་ཁ་གསབ་སྟེར་རྒྱུའི་འཆར་གཞི་ཡོད་པ་དང་། ཟླ་བདུན་པའི་ཟླ་མཇུག་བར་དུ། ཁྱིམ་ཚང་སྟོང་བཞི་དང་བཞི་བརྒྱ་ཉེར་ལྔ་ལ་ཁ་གསབ་བྱིན་པ་དང་། ཁ་གསབ་སྟེར་ཚད་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་གཉིས་དྲུག་ལ་སླེབས།
ལོ་ཙཱ་བ། རིན་ཆེན་མཚོ།