རང་ཞིང་གིས་མཆེད་ནད་རིག་པའི་ཡུལ་དངོས་གསོ་སྦྱོང་འཛིན་གྲྭ་བསྡུས།
2020.09.02 ཁུངས། ཀློག་གྲངས། 16

མཆོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཐག་གཅོད་ནུས་པ་དང་གཞི་རིམ་གྱི་ནད་རིགས་ཚོད་འཛིན། ལས་སྒྲུབ་མི་སྣའི་ཡུལ་དངོས་ཀྱི་མཆེད་ནད་རིག་པའི་ཆེད་ལས་སྤུས་ཚད་དང་ལག་ལེན་ནུས་རྩལ་མཐོར་འདེགས་བྱ་ཆེད་བདེ་ཐང་དབུལ་སྐྱོར་བྱ་བར་སྐུལ་སྤེལ་དང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་། ཟླ་8པའི་ཚེས6ཉིན་ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་གཙོ་བསྒྲུབ་དང་ཞིང་ཆེན་ནད་རིགས་སྔོན་འགོག་ལྟེ་གནས་ཀྱི་འགན་ཁུར་བའི་དུས་ཡུན་ཉིན་གཉིས་རིང་གི་མཆོ་སྔོན་ཞིང་ཆེན་ཡུལ་དངོས་མཆེད་ནད་རིག་པའི་གསོ་སྤྱོང་འཛིན་གྲྭ་ཟི་ལིང་གྲོང་ཁྱེར་ནས་བསྡུས། 

ཡུས་ཧྲུའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་གྲོང་ཁྱེར་བཅས་རིམ་པ་ཁག་གི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ན་གཞོན་ལས་སྒོའི་རྐང་འཛིན་པ་མི་བརྒྱ་ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ལ་གཅིག་བསྡུས་སློབ་ཁྲིད་དང་ཁག་བགོས་གྱོད་གཞི་དབྱེ་ཞིབ་གྲོས་བསྡུར་བཅས་རིགས་གཉིས་སུ་དབྱེ་ཡོད། གདན་འདྲེན་ཞུས་པའི་སློབ་ཁྲིད་དགེ་རྒན་སོ་སོ་ཧྥུའུ་ཅན་དང་ཧྲན་ཏུང་། ཧྲིན་ཀྲེན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས་ནས་ཡོང་བ་རེད། ནད་ཡམས་ཚོད་འཛིན་བྱ་བ་ལོ་མང་རིང་གཉེར་བ་དང་སྔོན་ཆད་ཀྲུང་གོའི་ཡུལ་དངོས་མཆེད་ནད་རིག་པའི་གསོ་སྤྱོང་རྣམ་གྲངས་དང་ནུབ་ཕྱོགས་ཡུལ་དངོས་མཆེད་ནད་རིག་པའི་རྣམ་གྲངས་གསོ་སྦྱོང་དང་ལེན་བྱས་མྱོང་བས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། དགེ་རྒན་རྣམ་པའི་རང་རེའི་ཞིང་ཆེན་གྱི་ན་གཞོན་ཚོར་སྔོན་ཐོན་དང་ཚན་རིག་རང་བཞིན་གྱི་ཡུལ་དངོས་མཆེད་ནད་རིག་པའི་ཤེས་བྱ་དང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་བརྒྱུད་སྤྲོད་བྱས་པ་མ་ཟད། ཚོགས་ཆུང་གྲོས་བསྡུར་བརྒྱུད་དེ་ལས་དོན་དངོས་ཁྲོད་དུ་བྱུང་བའི་གནད་དོན་ལ་ཁྱོན་ཡོངས་ནས་ལན་གསལ་བོ་བཏབས།  ན་གཞོན་སློབ་མ་ཚོས་ནན་དན་ངང་སློབ་ཁྲིད་ལ་ཉན་པ་དང་འཚང་ཁ་ཤིག་ཤིག་གིས་དྲི་བ་བཏོན། གསོ་སྦྱོང་ཡུལ་དངོས་སུ་སློང་སྦྱོང་གི་རྣམ་པ་བཟང་བོ་མངོན་ཡོད། 

ཐེངས་འདིའི་གསོ་སྦྱོང་ཁྲོད་སློབ་མ་ཚོས་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། ཆེད་ལས་གསོ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་གྱི་སློབ་སྦྱོང་བྱེད་ཐབས་སྤྱད་དེ་ནན་ཏན་སྒོས་སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས་གྱི་རིམ་ནད་སྔོན་འགོག་ཉམས་མྱོང་དང་ཡུལ་དངོས་མཆེད་ནད་རིག་པའི་ཤེས་བྱ་བསྡུ་ལེན་བྱས་ཏེ། གཞི་རིམ་ནད་ཡམས་སྔོན་འགོག་ལས་ཁུངས་ཀྱི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་མྱུར་བསྟུན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་།

ལོ་ཙཱ་བ། དངོས་སྦྱོང་སློབ་མ་པདྨ་མཚོ།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།