གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ༼ གསར་འགོད་པ། ཐུབ་བསྟན་རྡོ་རྗེ། ༽ སྤྱི་ཟླ9བའི་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་ཀྲུང་གུང་ཀོས་ནན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་ཀོས་ནན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། བྱ་མདོ་ཞང་མི་དམངས་སྲིད་གཞུང་། བོད་ལྗོངས་འབྲི་ཆུ་དངུལ་གཏོང་ཚད་ཡོད་འགན་ལེན་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་བྱས་བའི་ཀོས་ནན་རྫོང་གི་གཙགས་དྲུབ་དང་གླུ་གར་རིག་གནས་ཡུལ་སྐོར་དུས་ཆེན། མཛེས་མ་ལྗོངས་རྒྱུ་ས་ཁུལ་གྱི་འགོ་ཚུགས་མཛད་སྒོ་དེ་བྱ་མདོ་ཞང་སྡེ་མང་སྡེ་བར་གཟབ་རྒྱས་ངང་སྤེལ།
མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བང་ཅན་མིན་དངཁུལ་ཨུའི་ཧྲུའུ་ཅུའུ་གཞོན་པའམ་དྲིལ་སྒྲོག་པུའུ་པུའུ་ཀྲང་བེ་ཞིན་ཧྭ། ཞིང་ཆེན་གནས་སྤོས་ཡུལ་མི་བཀོད་སྒྲིག་ཅུའུ་ཡི་ཅུའུ་ཀྲང་ཀྲའོ་ཉིན་ཅུན། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཁུལ་ཨུའི་དྲུང་ཡིག་པ་ཧྲི་ཁྲང་ཀྲི་སོགས་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང་རྫོང་ཁག་སོ་སོའི་འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་མཛད་སྒོའི་སྟེང་ཞུགས་ཡོད།
མཛད་སྒོའི་སྟེང་བྱ་མདོ་ལུང་པའམ་མཛེས་མ་ལུང་བའི་ཁྱད་ཆོས་ལྡན་པའི་ཟས་རིགས་དང་གཙགས་དྲུབ། མི་རིགས་ཀྱི་རྒྱན་གོས་སོགས་འགྲེམ་སྟོན་བྱས་པ་མ་ཟད། བོད་ལྗོངས་འབྲི་ཆུ་དངུལ་གཏོང་ཚད་ཡོད་ཀུང་ཟི་སོགས་ལ་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ། གཉིས་ཕན་གྱི་རྩ་དོན་སྟེང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ལ། ས་གནས་ཀྱི་ལེགས་ཆ་ལ་བརྟེན་ནས་ཡུལ་སྐོར་གྱི་རྣམ་པ་བརྒྱུད་དེ་དུས་ཡུན་རིང་བོར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་འགན་ལེན་དང་ཁག་ཐེག་གང་ལེགས་བྱས། དེ་མིན་མཛད་སྒོའི་སྟེང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྗོད་དོན་གྱིས་ཕྱུག་པའི་གླུ་གར་སོགས་འཁྲབ་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་མཉམ་གནས། འཚོ་བར་དར་རྒྱས་བཅས་ཡོང་བ་མཚོན་པར་བྱས།
མཛད་སྒོའི་སྟེང་ཞུགས་པའི་འགོ་ཁྲིད་ལྷན་རྒྱས།
ཀྲུང་གུང་ཀོས་ནན་རྫོང་ཨུའི་ཧྲུའུ་ཅུའུ་གཞོན་པ། རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་གཏམ་བཤད་གནང་བཞིན་པ།
མཉམ་ལས་ཀྱི་གྲོས་ཆིངས་འཇོག་བཞིན་པ།
མདོ་འཛིན་པ་རྣམ་གཉིས།
ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་གཙགས་དྲུབ་ཐོན་རྫས།
གཙགས་དྲུབ།
མཛངས་མའི་ལག་ཟས་སྣ་ཚོགས།
མཛེས་མ་ལུང་པའི་བུད་མེད་ཚོའི་སྒེག་ཉམས།