རྐང་ཚ་ནས་ཕྱུགས་རྩྭ་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་དངོས་སྦྱོང་བྱས། 
2020.09.07 ཁུངས། ཀློག་གྲངས། 15

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་བོའི་འཕྲིད་ཆས་ཅན་དུ་བསྒྱུར་བར་སྔར་ལས་ཤུགས་སྣོན་པ་དང་། ཕྱུགས་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ལག་རྩལ་དཔེ་སྟོན་དང་ཁྱབ་སྤེལ་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་བ། མ་རྩ་ཇེ་དམའ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ། ཕྱུགས་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱུགས་རྩྭ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་བོའི་འཕྲུལ་ཆས་ཅན་དེ་སྤུས་ཚད་སྔོན་ལས་མཐོན་པོས་གོང་དུ་སྤེལ་ཆེད། ཉེ་ལམ། རྐང་ཚ་རྫོང་གིས་ཕྱུགས་རྩྭའི་བརྒྱུད་རིམ་ཧྲིལ་བོའི་འཕྲུལ་ཆས་ཅན་གྱི་ཞིང་ཁའི་དངོས་སྦྱོང་བྱ་འགུལ་སྤེལ།

ཞིང་ཆེན་ཞིང་ལས་འཕྲུལ་ཆས་ཁྱབ་སྤེལ་ས་ཚིགས་ཀྱི་འགན་ཁུར་བ་དང་ཞིང་ལས་འཕྲུལ་ཆས་བརྒྱུད་འཚོང་བ། ཆེད་ལས་མཉམ་ལས་ཁང་། ཕྱུགས་ར། ཞིང་ལས་འཕྲུལ་ཆས་མང་པོ་ཡོད་མཁན། འབྲེད་ཡོད་འགན་འཁུར་བ། ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བ་བཅས་མི50ལྷག་གིས་དངོས་སྦྱོང་དཔེ་སྟོན་ལ་ལྟ་སྦྱོང་བྱས།

གཞུང་ལུགས་སློབ་སྦྱོང་གི་ཡུལ་དངོས་ནས།  ཞིང་ཆེན་ཞིང་ལས་འཕྲུལ་ཆས་ཁྱབ་སྤེལ་ས་ཚིགས་ཀྱི་འབྲེལ་ཡོད་མི་སྣས་ཕྱུགས་རྩྭའི་བརྒྱུད་རིམ་ཧྲིལ་བོའི་འཕྲུལ་ཆས་ཅན་གྱི་བཀོལ་སྤྱོད་ལག་རྩལ་དང་རྩྭ་སྔོན་གཟན་ཆས་ལས་སྣོན་ལག་རྩལ།  སོག་ལོག་རྒྱག་པ། ཞིང་ལས་འཕྲུལ་ཆས་ཀྱི་བདེ་འཇགས། ལོག་ཏོག་གི་བརྒྱུད་རིམ་ཧྲིལ་བོའི་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་དཔེ་ཚུལ། ལག་རྩལ་ལམ་ཕྱོགས། ལག་རྩལ་གཙོ་གནད་དང་གནད་དོན་བསམ་འཆར་སོགས་ཀྱི་གཞུང་ལུགས་ཤེས་བྱ་འགྲེལ་བཤད་བྱ་པས། དངོས་སྦྱོང་ལ་ཞུགས་པའི་མི་རྣམས་ཀྱི་ཞིང་ལས་གཉེར་བའི་ལག་རྩལ་དང་གཞུང་ལུགས་ཀྱི་ཆ་ཚད་སྔར་ལས་ཇེ་མཐོར་སོང་། 

ཐེངས་འདིའི་བྱ་འགུལ་བརྒྱུད་དེ། ཕྱུགས་རྩྭ་ཐོན་སྐྱེད་ཀྱི་འཕྲུལ་ཆས་གསར་བ་སྐོར་ཞིག་དང་། ལག་རྩལ་གསར་བ་ཕྱུགས་རྩྭའི་ཐོན་སྐྱེད་ཁྲོད་ཁྱབ་སྤེལ་དང་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་བས། རྐང་ཚ་རྫོང་གི་ཕྱུགས་རྩྭའི་ཐོན་ལས་མགྱོགས་མྱུར་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བཏིངས།

ལོ་ཙཱ་བ། དངོས་སྦྱོང་སློབ་མ་པདྨ་མཚོ།