ཏང་འཛུགས་བྱ་བས་སྐྱེ་ཁམས་སྲུང་སྐྱོབ་ལ་སྣེ་ཁྲིད་བྱས།
2020.09.07 ཁུངས། ཀློག་གྲངས། 16

ད་ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་ཏང་འཛུགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་མཉམ་འདྲེས་ཟབ་མོ་ཡོང་བར་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། འགྱིག་ཤོག་གི་འབག་བཙོག་སྔོན་འགོག་དང་ཨ་བྲ་དང་འབུའི་གནོད་པ་འགོག་བཅོས།  ས་ནག་ཐང་བཅོས་སྐྱོང་།   ཕྱུགས་བཀག་འགོག་གསོ།  ནགས་ས་སྲུང་སྐྱོབ་སོགས་ཀྱི་བཅོས་སྐྱོང་གྲུབ་འབྲས་སོ་སོ་སྲ་བརྟན་དང་མཐོར་འདེགས་སུ་བཏང་བའི་རྨང་གཞིའི་ཐོག  འགྱུར་བ་བཞི་ཡི་སྔོན་སྐྱོད་པ་དང་ལག་ལེན་ཁུལ།  དཔེ་སྟོན་ཁུལ་བཅས་བརྩོན་ལེན་བྱས།

ཧི་ནན་རྫོང་ནི་རྨ་ཆུའི་ཁུགས་སོ་དང་པོ་རུ་གནས་ལ།  ས་ཁོངས་ཡོངས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གཏོགས་པར་མ་ཟད།  ད་དུང་མདོ་དབུས་མཐོ་སྒང་མཐོ་གྲང་སྐྱེ་ཁམས་ཁོངས་གཏོགས་ཀྱི་དཔེ་མཚོན་རང་བཞིན་གྱི་འཐུས་ཚབ་ཡིན་ཞིང་།  བརླན་ས་དང་ནགས་ཚལ།  རྩྭ་ཐང་གསུམ་འདུས་ཀྱི་སྐྱེ་ཁམས་ཁོངས་གཏོགས་ཡིན་ལ།  དེའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་།  སྐྱེ་དངོས་སྣ་མང་རང་བཞིན་གྱི་ཡུལ་ལྗོངས་ལ་ཞིབ་འཇུག་གི་རིན་ཐང་རྩ་ཆེན་ལྡན།

རི་ལྗང་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་ཅེས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད།  ཧི་ནན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་དེ་ལོ་འཁོར་གྱི་ལས་འབྲས་དམིགས་ཚད་གཙོ་བོར་བཟུང་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལས་སྟེགས་དང་སྐྱེ་ཁམས་བར་སྟོང་འགྲེམ་སྟོན་ཁང་གི་འཛུགས་སྐྲུན་རྣམ་གྲངས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་ལས་གཞི་གཙོ་བོ་ལག་བསྟར་བྱས་ནས།  སྐྱེ་ཁམས་ཞིབ་དཔྱད་ཚད་ལེན་ལེགས་སྒྲུབ་དང་།  སྐྱེ་ཁམས་གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་དོ་དམ་ལེགས་སྒྲུབ་བཅས་བྱས།   དེ་དང་མཉམ་དུ་རྩྭ་སའི་སྤུས་ཚད་གཏིང་ཟབ་པར་མཐོར་འདེགས་དང་ཆུ་འགོ་སྲུང་སྐྱོབ།  རང་བྱུང་ནགས་སྲུང་སྐྱོབ།  སྤྱི་ཕན་ནགས་སྲུང་སྐྱོང་། འབབ་རྒྱུད་ཆུང་ངུ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ།  ཀླུ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གཙོ་ཡིན་པའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་དག་འདུས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཇུས་འགོད་བཙུགས།

ལོ་ཙཱ་བ།  དངོས་སྦྱོང་སློབ་མ་གཡང་མཚོ།