ད་ལོར་མཚོ་སྔོན་གྱིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐད་མ་དངུལ་སྒོར་བྱེ་བ་དགུ་བཏང་།
2020.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་དགུ་པའི་ཚེས་བཞི་ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཞིང་ཆེན་ཡོངས་ནས་མ་དངུལ་སྒོར་བྱེ་བ་དགུ་བཏང་ནས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐད་བཀོལ་བ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ས་ཡ་གཅིག་ཙམ་གྱིས་ཞབས་ཞུ་རོགས་སྐྱོར་མྱང་ཐུབ་པ་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་དམངས་སྲིད་ཐིན་གྱིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁེ་དབང་ལ་འགན་སྲུང་བྱེད་རྒྱུ་རྩ་བར་བྱས་པ་དང་། སྤྱི་ཚོགས་དེའི་ཁྲོད་ཞུགས་པ་དང་ཞབས་ཞུ་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ་གཙོ་གནད་དུ་བྱས་ལ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་ལག་བསྟར་བྱས་ཏེ། གཞི་རིམ་དམངས་སྲིད་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་ཞན་ཆ་ཁ་གསབ་བྱས། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པ་བརྒྱུད་དེ། སྤྱི་ཚོགས་རོགས་སྐྱོར་ཞབས་ཞུའི་ཕན་ཡོད་མཁོ་འདོན་རྒྱུན་མ་ཆད་པར་འཕར་སྣོན་བྱས་པ་དང་། མཁར་གྲོང་གི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་ནས། ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་གཞི་རིམ་སྲིད་དབང་སྲ་བརྟན་དུ་གཏོང་བའི་ཐད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་རྨང་གཞི་བརྟན་པོ་བཏིངས།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་དང་སྒྲིག་ལུགས་གཞུང་སྒྲུབ་ཁང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་དང་མཉམ་དུ་ཞིང་ཆེན་སྲིད་གཞུང་གིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱས་ནས་གཞི་རིམ་སྤྱི་ཚོགས་རོགས་སྐྱོར་ལག་བསྟར་ནུས་པར་ཤུགས་སྣོན་པའི་ལག་བསྟར་གྲོས་གཞི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱེད་རྒྱུའི་རེ་ཞུ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱི་ལག་ནས་སྤྱི་ཚོགས་རོགས་སྐྱོར་ལག་བསྟར་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལག་བསྟར་ཇུས་གཞི་བཏོན་ལ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱས་ནས་གཞི་རིམ་སྤྱི་ཚོགས་རོགས་སྐྱོར་ལག་བསྟར་ཞབས་ཞུ་ནུས་པར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་པ་དང་། ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ནང་དོན་ཇེ་ཞིབ་ཏུ་བཏང་ལ། དང་ལེན་རྩ་འཛུགས་ཀྱིས་རྫོང་དང་ཞང་། གྲོང་རྡལ་ལ་མི་སྣ་མངག་གཏོང་བྱེད་པའི་བྱེད་ཐབས་བརྒྱུད་དེ་བྱ་བ་སྤེལ་བར་སྐུལ་འདེད་བཏང་། ཕན་འབྲས་བཟང་བོ་ལེན་ཆེད། དུས་བགོས་ནས་དཔྱད་འཇོག་བྱེད་པ་དང་དུས་མཇུག་གི་དཔྱད་ཞིབ་གདེང་འཇོག་དང་ཞིབ་བཤེར་རྩིས་ལེན་རྐྱེན་སྲོལ་བཙུགས་ནས། ཞབས་ཞུའི་གྲངས་ཚད་དང་སྤུས་ཚད། གྲུབ་འབྲས་བཅས་ལ་འགན་སྲུང་བྱས། ད་ལོར། ཞིང་ཆེན་ཡོངས་ཀྱིས་མ་དངུལ་སྒོར་བྱེ་བ་དགུ་བཏང་ནས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐད་བཀོལ་བ་དང་། མི་གཉིས་དང་གསུམ་གྱི་ཚད་གཞི་ལྟར་བསྡོམས་པས་ཞང་དང་གྲོང་རྡལ། སྲང་ལམ་གཞུང་སྒྲུབ་ཁང་དུ་སྤྱི་ཚོགས་རོགས་སྐྱོར་ལག་བསྟར་བྱ་བའི་མི་སྣ་སྟོང་གཅིག་དང་ལྔ་བརྒྱ་དྲུག་ཅུ་མངག་གཏོང་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ། སྲང་ལམ་གཞུང་སྒྲུབ་ཁང་ཡོངས་སུ་ཁེབས་པར་བྱས་པ་དང་། དཀའ་ཁག་ཆེ་བའི་མི་སྣར་ཞིབ་བཤེར་བྱེད་པ་དང་ཁྱིམ་ཚང་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། ལས་སྒོའི་གསོ་སྦྱོང་བྱེད་པ། སྲིད་ཇུས་དྲིལ་སྒྲོག་བྱེད་པ། དཀའ་ཁག་ཆེ་བའི་མི་སྣར་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། དཀའ་ཁག་ཡོད་པའི་མང་ཚོགས་ས་ཡ་གཅིག་ཙམ་ལ་ཞབས་ཞུ་རོགས་སྐྱོར་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།