བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་སྐབས་གཉིས་པ་དངོས་སུ་མགོ་བརྩམས།
2020.09.08 ཁུངས། ཀློག་གྲངས། 306


གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ༼   གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཚེ་རིང་སྒྲོལ་མ།  ༽ སྤྱི་ཟླ་དགུ་བའི་ཚེས་བདུན་ཉིན་གྱི་དགོང་མོར། ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ། དེ་མིན་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམས༽ཞེས་པའི་བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་སྐབས་གཉིས་པའི་མགོ་རྩོམ་མཛད་སྒོ་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་བསྡུས་ལ། མཛད་སྒོའི་སྟེང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་དང་བྱ་འགུལ་འདི་གཙོ་སྒྲུབ་མཛད་པའི་འབྲེལ་ཡོད་མི་སྣ། གཞན་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡུན་ནན་བཅས་བོད་འབྲེལ་ཞིང་ཆེན་བཞིའི་རྒྱང་སྒྲོག་བརྙན་འཕྲིན་དང་། སྨྱན་བྱད་གསར་བའི་ལས་ཁུངས་བཅུ་ལྷག་གི་གསར་འགོད་པ་སོགས་མི་བརྒྱ་ལྷག་ཞུགས་ཡོད། 

ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་སྒྲིལ་བའི་གནད་འགག་གི་ལོ་ཡིན་པས། མཚོ་ལྷོ་ཁུལ་གྱིས་ལས་རིགས་སོ་སོ་དང་ཕྱོགས་སྣ་སྒོ་མོ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྐྱོད་པར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་འདུག

བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་གྱི་གསར་འགོད་པ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་འདིས་དོན་དངོས་ཀྱི་སྟེང་ནས་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་བརྟན་བརླིང་། དམངས་ཚིས་ལེགས་བཅོས་སོགས་ཀྱི་གནས་ཚུལ་དྲིལ་སྒྲོག་ལེགས་པོ་བྱེད་པར་ནུས་པ་ངེས་ཅན་ཐོན་ངེས་ལ། སྨྱན་བྱད་ལས་ཁུངས་ཁག་སོ་སོའི་བར་དུ་བསམ་བློ་བརྗེ་རེས་བྱས་ཏེ། ཕན་ཚུན་གྱི་ལེགས་ཆ་བསྡུ་ལེན་བྱེད་པ་ལ་ཡང་ཕན་ནུས་ངེས་ཅན་ཐོན་ངེས་རེད།

མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥུའུ་ཡུས་ལིན་གྱིས་མགོ་འཛིན་བྱེད་བཞིན་པ།

མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེས་གཏམ་བཤད་གནང་བཞིན་པ།

སྨྱན་བྱད་སྡེ་ཁག་གི་འཐུས་ཚབ་པས་གཏམ་བཤད་གནང་བཞིན་པ།

དར་ཆ་གནང་བཞིན་པ།