ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་སྡེ་བ་དང་གྲོང་རྡལ་ལག་ལེན་རྟེན་གཞི་ཡི་སྒོ་བྱང་བཀལ།
2020.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་སྡེ་བ་དང་གྲོང་རྡལ་ལག་ལེན་རྟེན་གཞི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་མཐུན་སྒྲིག་གཞིས་ཁུལ་ནས་དངོས་སུ་སྒོ་བྱང་བཀལ།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་སྡེ་བ་དང་གྲོང་རྡལ་ལག་ལེན་རྟེན་གཞི་བཙུགས་པའི་དམིགས་འབེན་ནི་རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཀུན་འཕྲོད་སྐད་ཆ་དང་ཡི་གེ གྲངས་ཉུང་མི་རིགས་ཀྱི་སྐད་ཆ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་སྐུལ་སློབ་གཏོང་བ་དང་། མི་རིགས་སོ་སོའི་སྐད་རིགས་གཅིག་མཐུན་ཡིན་པ་དང་བློ་སེམས་མཐུན་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ས་ཁུལ་གྱི་གཞི་རིམ་དུ་རྒྱལ་ཁབ་ཀྱི་ཀུན་འཕྲོད་སྐད་ཆ་དང་ཡི་གེ གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད་བྱ་བ་བཟང་བོར་སྤེལ་རྒྱུ་དེ་ཡིན། རྒྱལ་ཁབ་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ན་ནིང་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་སྡེ་བ་དང་གྲོང་རྡལ་ལག་ལེན་རྟེན་གཞི་འཛུགས་སྐྲུན་བྱ་བ་སྤེལ་བ་དང་། ད་ལོར་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་གཅིག་ཏུ་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་སྡེ་བ་དང་གྲོང་རྡལ་ལག་ལེན་རྟེན་གཞི་ཉེར་གཅིག་བཙུགས་ལ། ཡུས་ཧྲུའུ་གྲོང་ཁྱེར་མཐུན་སྒྲིལ་གཞིས་ཁུལ་ནི་དེའི་ཁྲོད་ཀྱི་གཅིག་ཡིན།

ལོ་ཙཱ་བ། རིན་ཆེན་མཚོ།