འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་ནུབ་ས་ཁོངས་ཀྱི་ཐོ་ཐོ་གཙང་པོའི་ཆུ་ཁོངས་སུ་ལོ་བཅུའི་རིང་ཕྱོགས་ཡོངས་ནས་ཉ་འཛིན་བཟུང་བཀག་སྡོམ་བྱས།
2020.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནས་ཤེས་གསལ་བྱུང་བ་ལྟར་ན། འབྲི་ཆུའི་འབབ་རྒྱུད་ཀྱི་གཙོ་གནད་ཆུ་ཁོངས་ཀྱི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ཕན་ནུས་ལྡན་པའི་སྒོ་ནས་སླར་གསོ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། མཚོ་ནུབ་ཁུལ་སྲིད་གཞུང་གིས་འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་ནུབ་ས་ཁོངས་ཀྱི་ཐོ་ཐོ་གཙང་པོའི་ཆུ་ཁོངས་སུ་ལོ་བཅུའི་རིང་ཕྱོགས་ཡོངས་ནས་ཉ་འཛིན་པ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཉ་འཛིན་བཟུང་བཀག་སྡོམ་གྱི་དུས་ཚད་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་ཉིས་སྟོང་སུམ་ཅུ་ལོའི་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་བར་རེད།

ལོ་ཙཱ་བ། བན་དེ་སྐྱབས།