མཚོ་སྔོན་ཞིང་ཆེན་དུ་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་གལ་ཆེན་དྲུག་འཛུགས་སྐྲུན་བྱས།
2020.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་གལ་ཆེན་དྲུག་འཛུགས་སྐྲུན་བྱས་པ་དང། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་གལ་ཆེན་དོན་གཉིས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཚོད་ལྟ་ཁང་གལ་ཆེན་གཉིས་ཡོད་ལ། དེ་ཞིང་ཆེན་ཡོངས་ཀྱི་རིག་གཞུང་ཚན་ཁག་ཁྱབ་ཁོངས་བཅུ་ལྷག་ཏུ་ཁྱབ་ཡོད་པ་དང་། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་སློབ་གླིང་། ཁེ་ལས་ནི་དེའི་རྒྱབ་རྟེན་སྡེ་ཁག་གཙོ་བོ་ཡིན་ཟེར།

ཐེངས་འདིའི་གསར་དུ་གཏན་ཁེལ་བྱས་པའི་ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་གལ་ཆེན་སོ་སོ་ནི། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཚོད་ལྟ་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་རིན་མཐོ་ཅན་གྱི་བེད་སྤྱོད་ཚོད་ལྟ་ཁང་། མཚོ་སྔོན་ཞིང་ཆེན་མངར་གྲངས་རྙིང་ཚབ་གསར་བྱེད་རིམས་ནད་འགོག་བཅོས་ཀྲུང་ལུགས་གསོ་རིག་སྨན་རྫས་ཚོད་ལྟ་ཁང་། མཚོ་སྔོན་ཞིང་ཆེན་གྱི་འགོས་ནད་ཕྲ་རྡུལ་སྐྱེ་དངོས་རིག་པའི་ཚོད་ལྟ་ཁང་། མཚོ་སྔོན་ཞིང་ཆེན་མཐོ་སྒང་སྒོ་ཕྱུགས་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་དང་གསར་གཏོད་བེད་སྤྱོད་ཚོད་ལྟ་ཁང་བཅས་ཡིན།

ལོ་ཙཱ་བ། རིན་ཆེན་མཚོ།